སཱན་ཀེཏ་རེ།(Sanket Ray)

སྲིད་འཛིན་ ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་དང་ ལྷོ་ནུབ་ཨེ་ཤི་ཡ།(Asia)

སཱན་ཀེཏ་རེ་(Sanket Ray)འདི་ རྒྱ་གར་དང་ལྷོ་ནུབ་ཧེ་ཤི་ཡ་(Asia)གི་ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེའི་སྲིད་འཛིན་ཨིན།   སྤྱི་ལོ་༢༠༠༤ ལུ་ ལཱ་གཡོག་འདི་ནང་འཛུལ་བའི་ཤུལ་ རེ་(Ray)གིས་ སྤྱི་ལོ་༢༠༢༠ ལུ་ གོ་གནས་འདི་ ཐོབ་ཡོདཔ་ཨིན།   གོ་གནས་འདི་ཁར་མ་ལྷོད་པའི་ཧེ་མ་ རེ་(Ray)གིས་ རྒྱ་ནག་ལུ་ ཚོང་སྡེ་འདི་གི་ལག་ལེན་གཙོ་འཛིན་འགོ་དཔོན་གྱི་ལཱ་འགན་འབག་ནུག  སྤྱི་ལོ་ ༢༠༡༦ ལས་ ༢༠༡༨ ཚུན་ ཁོ་འདི་ ཀོ་ཀ་ཀོ་ལ་(Coca‑Cola) འཐུང་རིགས་བེཊ་ནམ་(Vietnam)ཚད་འཛིན་གྱི་འཛིན་སྐྱོང་སྤྱི་ཁྱབ་འབད་ ལཱ་འབད་ནུག ཁོ་གི་འགོ་ཁྲིད་འོག་ལུ་ ཚོང་སྡེ་འདི་གིས་དམ་བྱིས་ཚོང་ལས་འདི་ འཛམ་གླིང་ནང་མིང་གཏམ་ཅན་གྱི་ཚོང་ལས་གཅིག་སྦེ་ འགྱུར་བ་འབག་ནུག

སྤྱི་ལོ་༢༠༠༤ ལུ་ རེ་(Ray)གིས་ ཚོང་སྡེ་འདི་གི་ལུང་ཕྱོགས་བཅའ་སྒྲིག་དང་འཆར་གཞི་འཛིན་སྐྱོང་པ་(ཤར) འབད་འཛུལ་བཞུགས་འབད་ནུག   དེ་ལས་འགོ་བཟུང་ ཁོ་གིས་ རྒྱ་གར་ལུ་ ཚོང་འབྲེལ་གྱི་ལཱ་འགན་འབགཔ་མ་ཚད་ དེ་འཕྲོ་ལས་ སྤྱི་ལོ་ ༢༠༡༤ ལུ་ ལྷོ་ཨེ་ཤི་ཡ་(Asia) གི་ ལུང་ཕྱོགས་ཚོང་འབྲེལ་འགོ་འཛིན་གྱི་གོ་གནས་འཐོབ་ནུག

 ཀོ་ཀ་ཀོ་ལ་(Coca‑Cola) ནང་ མ་འཛུལ་བའི་ཧེ་མ་ རེ་(Ray)འདི་ ལ་པར་(Lafarge)གི་ འཛིན་སྐྱོང་གོངམ་གཅིག་འབད་ ལཱ་འབད་སྡོད་ནུག

 ཁོ་ལུ་ མའུ་ལ་ན་ཨ་ཟ་(Maulana Azad)རྒྱལ་ཡོངས་འཕྲུལ་རིག་སྤེལ་ཁང་ནང་ལས་ གཙུག་ལག་གཞི་རིམ་ཤེས་ཡོན་དང་ ཟེ་བི་ཡར་(Xavier) འཛིན་སྐྱོང་སྤེལ་ཁང་ནང་ལས་ ཚོང་ལས་ནང་ གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་སྦྱང་ཡོདཔ་ཨིན་མས།

 ཁོ་གིས་ ཁོ་ར་རྐྱངམ་ཅིག་ལམ་འགྲུལ་འབད་ནི་དང་ ཞབས་ཁྲ་རྙིངམ་བསྡུ་སྒྲིག་འབད་ནི་ལུ་ སྤྲོ་བ་ཡོདཔ་ཨིན་མས།  དེ་མ་ཚད་ ཁོ་གིས་ འབྱུང་རབས་དང་ ལམ་སྲོལ་གྱི་ཀི་དེབ་ལྷག་ནི་ལུ་ཡང་ སྤྲོ་བ་སྦོམ་ཡོདཔ་ཨིན་མས།