ཨར་ནབ་རོའེ།(Arnab Roy)
སྲིད་འཛིན་འོགམ། ཚོང་འབྲེལ། ཀོ་ཀ་ཀོ་ལའི་(ཀོ་ཀ་ཀོ་ལ) རྒྱ་གར་དང་ལྷོ་ནུབ་ཨེ་ཤི་ཡ།(ཨེ་ཤི་ཡ)
ཨར་ནབ་(Arnab Roy)འདི་ ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་ནང་ལུ་ ལཱ་འབད་དེ་ ལོ་ངོ་༢༠ ལྷག་པའི་ཁར་ ཚོང་ལས་ཀྱི་ཐོན་རྣམ་བཟོ་ནིའི་ནང་ལུ་ ཉམས་མྱོང་ཅན་ཅིག་ཨིན། ཁོ་གིས་ སྡེ་ཚན་འགོ་ཁྲིད་འབད་ཡོད་པའི་ཁར་ རྒྱལ་སྤྱི་དང་ལུང་ཕྱོགས་མང་རབས་ཅིག་ནང་ལས་ཕར་ ཚོང་བསྒྲགས་འགོ་འདྲེན་འཐབ་སྟེ་ཡོད། ཨར་ནབ་(Arnab)ཀྱི་ ད་ལྟོའི་འགན་ཁུར་འདི་ རྒྱ་གར་དང་ རྒྱལ་སྤྱི་ལག་ལེན་ལས་ཚན་ ༩ ལས་གཅིག་ཨིན་མི་ ལྷོ་ནུབ་ཨེ་ཤི་ཡ་(Asia)ལག་ལེན་ལས་ཚན་གྱི་ ཚོང་འབྲེལ་ལག་ལེན་འགོ་ཁྲིད་འབད་ནི་འདི་ཨིན། ཁོ་གིས་ དབྱེ་ཁག་ལྔ་ཡོད་པའི་སྡེ་ཚན་གཅིག་ འགོ་ཁྲིད་འབདཝ་ཨིན། དེ་ཡང་ མིའི་ཤེས་རྟོགས་ གཅིག་བསྡོམས་ཚོང་འབྲེལ་ཉམས་མྱོང་ ཨང་གནས་ཅན་གྱི་ཚོང་འབྲེལ་ ལུང་ཕྱོགས་ཚོང་འབྲེལ་དང་ ཚོང་འབྲེལ་ལག་ལེན་ཚུ་ཨིན།
ཀོ་ཀ་ཀོ་ལའི་(Coca‑Cola)རྒྱལ་སྤྱིའི་དབུ་ཁྲིད་གཅིག་འབདཝ་ལས་ ཨར་ནབ་(Arnab)ཀྱིས་ ཀོ་ཀ་ཀོ་ལ་(Coca‑Cola)ཡུན་རྟེན་གནས་ནིའི་ཐབས་བྱུས་ཀྱི་ལཱ་འབདཝ་ཨིན། དེ་མ་ཚད་ ལེ་ཀྲིན་ཨ་མི་རི་ཀ་(Latin America) ཡུ་རོབ་(Europe)དང་ ཨསི་ཀྲེ་ལི་ཡ་(Australia)ཚུ་ནང་ གུ་རམ་མེད་པའི་ཀོ་ཀ་ཀོ་ལ་(Coca‑Cola)ཡར་རྒྱས་འཆར་གཞི་ཡང་ འགོ་ཁྲིད་འབདཝ་ཨིན། ཨེ་ཨེསི་ཨི་ཨེ་ཨེན་བི་ཡུ་(ASEAN BU)གི་མདོ་ཆེན་གོངམ་ཅིག་འབད་བའི་བསྒང་ལས་ ཕི་ལི་པིནསི་(Philipines) ཐའི་ལེནཌ་(Thailand)དང་ ཨིན་དྲོ་ནེ་ཤི་ཡ་(Indonesia)གིས་མ་དོ་བར་ རྒྱལ་ཁབ་༡༢ ལས་ལྷག་སྟེ་ ཨར་ནབ་(Arnab)ཀྱིས་ $ཐེར་འབུམ་༣(BN) འབད་མི་ ཁྱད་དུ་འཕགས་པའི་མངར་ཆབ་ཚོང་འབྲེལ་འགོ་ཁྲིད་འབད་ཡོདཔ་ཨིན།
ཨར་ནབ་(Arnab)ཀྱིས་ བར་ཟིལ་(Brazil)ལུ་ སྤྱི་ལོ་༢༠༡༤ གི་ ཕི་ཕ་(FIFA)འཛམ་གླིང་རྐང་རྩེད་ཀྱི་རྒྱལ་སྤྱི་ཚོང་འབྲེལ་ལས་རིམ་འགོ་ཁྲིད་འབད་ཡི། དེ་གི་སྐབས་ལུ་ རྒྱལ་ཁབ་༡༨༥ ལྷགཔ་ཅིག་ལུ་ ཚོང་སྡེ་གི་ གཅིག་བསྡོམས་ལས་རིམ་སྦོམ་ཤོས་ཅིག་ཨིན་མི་འདི་ སྤྱོད་བཏུབ་བཟོ་ཡི། རྒྱ་གར་ལུ་ སྤྱི་ལོ་༢༠༠༡ ལས་༢༠༡༡གི་བར་ན་ ལོ་ངོ་༡༠་ གི་རིང་ལུ་ ཨར་ནབ་(Arnab)ཀྱིས་ ཚོང་འབྲེལ་དང་ གསར་བཏོད་ནང་ལུ་ ལཱ་འབད་ནུག ཁོ་གིས་ འགོ་ཁྲིད་འབད་དེ་ཡོད་པའི་ ལས་འགུལ་གཙོ་ཅན་ཚུ་ཡང་ རྒྱ་གར་ལུ་ མི་ནེཊ་མེཌ་(Minute Maid)ཁུ་བ་ འགོ་བྱེད་འབད་ཡི། ཐོན་རྣམ་མ་ཟ་(Maaza)བརྒྱ་སྐྱེད་གཏང་ཡི། ཀོཀ་བི་པོཔ་ཨིས་ཊར་(Coke V Popstars)གྱི་ རྒྱང་མཐོང་དངོས་མཐོང་འགོ་བཙུགས་ཡི།
ཨར་ནབ་(Arnab)འདི་ རྩེད་རིགས་ནང་ལུ་སྤྲོ་བ་ཡོད་པའི་ཁར་ རྒྱ་གར་ལུ་ ཁོ་རང་གིས་ལྕོགས་མི་ རྩེད་རིགས་ཀྱི་ཐོག་ལས་ ཡར་རྒྱས་ཀྱི་ལས་སྣ་ལེ་ཤ་ཅིག་ནང་ར་ གྲལ་གཏོགས་འབད་ཡི། ཕི་ཕ་(FIFA)དང་ ཨལ་ཨིན་དྲི་ཡ་(All-India)རྐང་རྩེད་ཚོགས་པ་དང་ཅིག་ཁར་ སྤྱི་ལོ་ ༢༠༡༧ ལུ་ ཡུ་༡༧ ཕི་ཕ་དྲབ་ལུ་སི་(U17 FIFA WC) རྒྱ་གར་ལུ་འབག་འོང་ནིའི་དོན་ལས་ཡང་ ལཱ་འབད་ཡི།
ཨར་ནབ་(Arnab)ཀྱིས་ རྒྱ་གར་གྱི་འཛིན་སྐྱོང་སྤེལ་ཁང་ནང་ལས་ ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་ནང་ལུ་ འཛིན་སྐྱོང་གི་སློབ་སྦྱོང་པ་འབད་འཛུལ་བཞུགས་འབད་འབདཝ་ཨིན། དེ་གིས་ཡང་མ་ཚད་ ཨར་ནབ་(Arnab)ཀྱིས་ སྤྱི་ལོ་ ༢༠༡༧ ལུ་ ཧ་བརཏ་(Harvard)ཚོང་འབྲེལ་སློབ་གྲྭ་ནང་ལས་མཐོ་རིམ་གོང་མའི་ཤེས་ཡོན ཨེམ་བི་ཨེ་(MBA) སྦྱང་ཡོདཔ་ཨིན།