ལག་ལེན་འཐབ་ཆོག་པའི་མིང་ཚིགལག་ལེན་གྱི་འགན་ཚིག
འགོ་བཙུགས་ཀྱི་ཟླ་ཚེས: ༡{ཀྲི་༡}ཨེསི་ཀྲི་{/ཀྲི་༡} སྤྱི་ཟླ་གཉིས་པ་ ༢༠༢༣ (1st Feb 2023)
འགོ་བཙུགས་ཀྱི་དུས་ཡུན: ༡{ཀྲི་༡}ཨེསི་ཀྲི་{/ཀྲི་༡} སྤྱི་ཟླ་གཉིས་པ་ ༢༠༢༣ ལས་ཚུར། (1st Feb 2023 onwards)
ཁྱོད་ཀྱིས་ འཆར་སྒོ་འདི་ ལག་ལེན་འཐབ་པའི་བསྒང་ལས་ འགན་ཚིག་འདི་ལུ་ ངོས་ལེན་འབདཝ་ཨིན། ཁྱོད་ཀྱིས་ ཡོངས་འབྲེལ་འཆར་སྒོ་ ཁ | ཀོ་ཀ་ཀོ་ལ། (Coca‑Cola) ལག་ལེན་འཐབ་ད་ འོག་གི་ལག་ལེན་འགན་ཚིག་དང་ ཁྲིམས་ལུགས་ལུ་རག་ལས། འཕྲལ་ལུ་ དུས་མཐུན་འབད་ཡོད་པའི་ལག་ལེན་འགན་ཚིག་འདི་ འཆར་སྒོ་འདི་གི་མཇུག་ལུ་ཡོད་པའི་ འབྲེལ་ཡིག་གི་འབྲེལ་མཐུད་གུ་ ལག་ལེན་འགན་ཚིག་ཟེར་ཡོད་མི་གུ་ ཨེབ་ད་ ལྷོད་ཚུགས། འཆར་སྒོ་འདི་གུ་ལྷོད་དེ་ ལག་ལེན་འཐབ་པའི་བསྒང་ལས་ ཁྱོད་ཀྱིས་ཚད་འཛིན་དང་ཤེས་ཚད་ག་ནི་ཡང་མེད་རུ་ ལག་ལེན་འགན་ཚིག་འདི་ལུ་ ངོས་ལེན་འབདཝ་ཨིན། དེ་འབདཝ་ལས་ ཁྱོད་དང་ ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་གི་བར་ན་ ཡོད་པའི་ཁ་ཚིག་འདི་ ཆ་མེད་འགྱོཝ་ཨིན། ག་དེམ་ཅིག་སྦེ་ ལག་ལེན་འགན་ཚིག་འདི་ལུ་ ངོས་ལེན་མེད་པ་ཅིན་ འཆར་སྒོ་འདི་ནང་ལས་ ཕྱིར་ཐོན་འབད་གནང་།
ནང་དོན་གྱི་བདག་དབང་།: འཆར་སྒོ་འདི་དང་ འདི་ནང་གི་ནང་དོན་ཚུ་ དེ་ལས་ ཡིག་བྲིསམ་ཆ་མཉམ་དང་ ལས་རྟགས་ གློག་བརྙན་དང་ པར་རིགས་ལ་སོགས་པ་ཚུ་གི་བདག་དབང་དང་ འདྲ་བཤུས་དབང་ཆ་འདི་ ཀོ་ཀ་ཀོ་ལ་(Coca‑Cola) ཚོང་སྡེ་ལུ་ཡོདཔ་ཨིན། འཆར་སྒོ་འདི་ནང་ ལས་རྟགས་དང་ དངོས་ཐོན་རྣམ་གྱི་ངོ་རྟགས་ དེ་ལས་ ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་ནང་ལུ་ ཐོ་བཀོད་ཡོདཔ་དང་མེདཔ་གི་ ཚོང་རྟགས་དང་ ཞབས་ཏོག་གི་རྟགས་ཚུ་ཡང་ཡོདཔ་ཨིན། ཀྲི་སི་སི་སི་(TCCC) ཡང་ན་ འཆར་སྒོ་འདི་གི་ངོ་རྟགས་འཆང་མི་ གཙོ་བོ་གསུམ་པ་ ག་འབད་རུ་གཅིག་ལས་ ཡིག་ཐོག་གི་གནང་བ་མེད་པ་ཅིན་ འཆར་སྒོ་འདི་ནང་ཚུད་དེ་ཡོད་མི་ཚུ་ གྲོགས་རམ་གྱི་དོན་ལུ་དང་ ངོ་རྟགས་ལག་ལེན་འཐབ་ནིའི་རང་དབང་འདི་ ག་ལུ་ཡང་ མེདཔ་ཨིན། ཁྱོད་ཀྱིས་ ལག་ལེན་འགན་ཚིག་ནང་ཚུད་དེ་ཡོདན་མ་གཏོགས་ མེད་པའི་ནང་དོན་ཚུ་ གནང་བ་ཡིག་ཐོག་ལུ་མེད་པ་ཅིན་ ལག་ལེན་འཐབ་ནི་ལས་ བཀག་ཆ་འབདཝ་ཨིན། ཁྱོད་ཀྱིས་ཤེས་དགོཔ་ཅིག་འདི་ ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་གི་བློ་རིག་རྒྱུ་དངོས་ཀྱི་ འདྲ་བཤུས་དབང་ཆ་དང་ འབད་ཆོགཔ་དང་མ་ཆོག་པའི་ཁྲིམས་ལུགས་ཚུ་ ལག་ལེན་ངེས་པར་དུ་འཐབ་ཨིན།
འཆར་སྒོ་ལག་ལེན་དང་ ལོ་ཚད། འཆར་སྒོ་འདི་ ལོ་ཚད་༡༨ དང་ ཡན་ཆད་འབད་མི་གི་དོན་ལུ་ཨིན།
ཁྱོད་ཀྱི་འཆར་སྒོ་ལག་ལེན།: ཀྲི་སི་སི་སི་(TCCC) གིས་ འཆར་སྒོ་ལག་ལེན་འཐབ་ནིའི་གནང་བ་འདི་ གཤམ་གསལ་བསྟར་ བྱིནམ་ཨིན།:
ཁྱོད་ཀྱིས་ ཚོང་འབྲེལ་གྱི་དོན་ལུ་མེན་པར་ རང་རྐྱང་གི་དོན་ལུ་དང་ ཡང་ཅིན་ ཁྱོད་ལུ་ ནང་དོན་འདི་དང་འབྲེལ་བའི་འདྲ་བཤུས་དབང་ཆ་རེ་ཡོད་པ་ཅིན་རྐྱངམ་ཅིག་ ནང་དོན་ཕབ་ལེན་འབད་ཆོག;
ཁྱོད་ཀྱིས་ ནང་དོན་དེ་ཚུ་ བཀྲམ་སྤེལ་འབད་ནི་ བསྒྱུར་བཅོས་འབད་ནི་ འདྲ་བཤུས་རྐྱབ་ནི་ རྒྱང་བསྒྲགས་འབད་ནི་ གསལ་སྟོན་འབད་ནི་ སླར་སྤྱོད་འབད་ནི་ པར་ལོག་རྐྱབ་ནི་ དཔེ་སྐྲུན་འབད་ནི་ ཆོག་ཐམ་བཟོ་ནི་ སྤོ་སོར་འབད་ནི་ བཙོང་ནི་ ཡང་ན་ ཀྲི་སི་སི་སི་(TCCC)གི་ ཡིག་ཐོག་གནང་བ་མེད་པར་ ལག་ལེན་འཐབ་ནི་ཚུ་ འབད་མི་ཆོག;
ཁྱོད་ཀྱིས་ འཆར་སྒོ་འདི་ནང་འབད་མ་ཆོག་མི་ཚུ་ཡང་ ཁྲིམས་ལས་འགལ་མི་དང་ འཇིགས་སྐུལ་འབད་ནི་ རྫུས་མ་དང་ མགུ་བསྐོར་ དམའ་ཕབ་ཀྱི་རིགས་ བརྙས་བཅོས་འབད་མི་དང་ རྫུན་མ་ ཁ་ཉེས་ཅན་དང་ ཚུལ་ཐུན་མེན་པའི་རིགས་ ཁམས་ལོག་སི་སི་ རྣམ་ཏོག་ལང་སི་སི་ འཚུབ་དྲགས་ཅན་དང་ འདོད་པའི་པར་བརྙན་ ཡང་ན་ དད་ལོག་པའི་ཡིག་ཆས་ལ་སོགས་པ་ཚུ་ཨིན། དེ་ཚུ་འབད་བ་ཅིན་ ཁྲིམས་འགལ་འབད་ བརྩིཝ་ཨིན། དེ་མ་ཚད་ ཁྱོད་ཀྱིས་ ཁྲིམས་འགལ་གྱི་དོན་ལུ་ ཡང་ན་ ལག་ལེན་འགན་ཚིག་འདི་ལས་འགལ་བ་ཨིན་པ་ཅིན་ འཆར་སྒོ་འདི་ ལག་ལེན་འཐབ་ནི་མི་འོང་། ཀྲི་སི་སི་སི་( TCCC)གིས་ ཁྲིམས་འབྲེལ་དབང་འཛིན་ཚུ་དང་ ཡང་ན་ ཁྲིམས་ཀྱི་འདུན་ས་ལས་ མི་ངོམ་གཅིག་གིས་ གོང་ལུ་བཀོད་ཡོད་པའི་ཁྲིམས་འགལ་ཚུ་ གསལ་བསྒྲགས་འབད་ཡོདཔ་ལས་ མི་ངོམ་འདི་གི་ ངོས་འཛིན་ཁ་གསལ་ཚུ་དགོཔ་སྦེ་བཀའ་རྒྱ་གཏང་པ་ཅིན་ བྱིན་ནིའི་མཉམ་འབྲེལ་འབདཝ་ཨིནམ་དང:
ཁྱོད་ཀྱིས་ འཆར་སྒོ་འདི་ ཚོང་བསྒྲགས་འབད་ནིའི་དོན་ལུ་ ཡང་ན་ ཚོང་འབྲེལ་གྱི་དོན་ལུ་ལག་ལེན་འཐབ་མི་ཆོག ཀྲི་སི་སི་སི་(TCCC)གིས་ འཕྲལ་འཕྲལ་ར་ ནང་དོན་ཚུ་ བསྐྱར་ཞིབ་འབད་འོང་། བསྐྱར་ཞིབ་འབད་ནིའི་རང་དབང་ཡོདཔ་ལས་ ཁྱོད་ལུ་ དྲན་སྐུལ་འབད་དགོཔ་མེད།
ཁྱོད་ཀྱིས་ ཡོངས་འབྲེལ་འཆར་སྒོ་འདི་ནང་ལས་ ཁྱོད་རའི་ལས་སྣ་གཞན་ དཔེ་སྐྲུན་འབད་ནི་ ཡང་ན་ ཁྱོད་རའི་འཆར་སྒོ་ནང་ལུ་ བཙུགས་ནི་ཚུ་ འབད་མི་ཆོག ཁྱོད་ཀྱིས་ ང་བཅས་ཀྱི་འཆར་སྒོ་འདི་ནང་ལས་ པར་རིས་ ཡང་ན་ བརྡ་དོན་དང་ ནང་དོན་ཚུ་ ང་བཅས་ལས་ ལག་ལེན་འཐབ་ཆོག་པའི་ཆོག་ཐམ་མེད་པར་ ལག་ལེན་འཐབ་མི་ཆོག གནང་བ་མེད་པའི་པར་རིས་ བརྡ་དོན་དང་ ནང་དོན་ཚུ་ལག་ལེན་འཐབ་ནི་འདི་ འདྲ་བཤུས་དབང་ཆའི་བཅའ་ཁྲིམས་དང་ བློ་རིག་རྒྱུ་དངོས་དབང་ཆ་ དེ་ལས་ སྒེར་གསང་གི་ཁྲིམས་ལུགས་མ་ཚད་ བརྒྱུད་འབྲེལ་ཁྲིམས་ལུགས་ཚུ་ལས་ཡང་ འགལ་བ་ཨིན། ཁྱོད་ཀྱིས་ ང་བཅས་ཀྱི་འཆར་སྒོ་ནང་ལུ་ཡོད་མི་ཚུ་ ལག་ལེན་འཐབ་མི་འདི་གིས་ རྩ་བོ་གསུམ་པའི་བདག་དབང་ལས་འགལ་བ་ཨིན་ཟེར་སླབ་མི་ཚུགས།
གནང་བ་མེད་པར་ ཡོངས་འབྲེལ་འཆར་སྒོ་ ཡང་ན་ འཆར་སྒོ་འདི་གི་ནང་དོན་ (འཆར་སྒོ་འདི་གི་ཐོག་ལས་ གློག་རིག་མཉེན་ཆས་བཙུགས་ཡོད་མི་ཚུ་ཡང་) ཚུ་གིས་ དངུལ་འབྲེལ་གྱི་རྒུད་འཐུས་དང་ ཞི་རྩོད་དང་ཉེས་རྩོད་ཀྱི་ཉེས་བྱ་ འདྲ་བཤུས་དབང་ཆའི་ཧམ་འཛུལ་གྱི་ཉེས་བྱ་ཚུ་ཕོགཔ་ཨིན།
ང་བཅས་ཀྱི་འཆར་སྒོ་འདི་ ཁྲིམས་མཐུན་ཐོག་ལས་རྐྱངམ་ཅིག་ལག་ལེན་འཐབ་གནང་། ཁྱོད་ཀྱིས་འབད་མ་ཆོག་མི་ཚུ་ཡང:
ཤེས་ཅིག་མཐོང་ཅིག་ར་ གློག་རིག་ནད་ཡམས་བཙུགས་ནི་ ཀྲོརོ་ཇནསི་(trojans) གློག་འབུཔ་ ཚད་མའི་རྫས་བམ་ བྱ་མཉེན་ ཡང་ན་ གཞན་ གློག་རིག་གི་གསང་ཨང་ ཡིག་སྣོད་ ཡང་ན་ གནོད་ཅན་གྱི་ལས་རིམ་ ཡང་ན་ བཙན་འཕྲོག་འབད་ནི་ གློག་རིག་གི་ཅ་ཆས་ གློག་རིག་གི་མཉེན་ཆས་དང་ མཁོ་ཆས་ཚུ་
གནང་བ་མེད་པའི་ཐོག་ལས་ ང་བཅས་ཀྱི་ འཆར་སྒོ་མཛོད་ཁང་ གློག་གནས་ གློག་རིག་ ཡང་ན་ གནས་སྡུད་གཞི་མཛོད་ཚུ་ ལོངས་སྤྱོད་ནིའི་དཔའ་བཅམ་ནི་
ང་བཅས་ཀྱི་ འཆར་སྒོ་འདི་ ལག་ལེན་འཐབ་མ་ཆོག་པར་བཞག་ནི་
ང་བཅས་ཀྱི་འཆར་སྒོ་ བསྒྱུར་བཅོས་འབད་ནི་དང་ འབྲེལ་མཐུན་བཟོ་ནི་ སྐད་སྒྱུར་འབད་ནི་དང་ འཆར་སྒོ་གི་ཆ་ཤས་ཚུ་ བསྡུ་སྒྲིག་འབད་ནི་
ང་བཅས་ཀྱི་ འཆར་སྒོ་ནང་ལས་ འདྲ་བཤུས་དབང་ཆ་དང་ ཚོང་རྟགས་ ཡང་ན་ ཇོ་བདག་གི་བདག་དབང་ཚུ་ བཏོན་གཏང་ནི་
ཡིག་ཐོག་གི་གནང་བ་མེད་པར་ ང་བཅས་ཀྱི་འཆར་སྒོ་ བཟོ་ནི་དང་ འདྲ་བཤུས་རྐྱབ་ནི་
ང་བཅས་ཀྱི་འཆར་སྒོ་ལས་ ལམ་ལུགས་ཐོག་ལས་ འབྲེལ་ཡོད་ནང་དོན་ག་ར་ ཕབ་ལེན་འབད་དེ་ གནས་སྡུད་གཞི་མཛོད་བཟོ་ནི།
ང་བཅས་ལས་ ཡིག་ཐོག་གནང་བ་མེད་པར་ ཨིསི་ཀེརེཔ་(scrape) དྲ་ཊ་མའི་ཡིན་(data mine) ཡང་ན་ ལོག་བཟོ་དང་ འཆར་སྒོ་གསལ་སྟོན་ཚུ་ ལོག་འཐོབ་ནིའི་དོན་ལུ་ འཕྲུལ་མི་ ཡོངས་འབྲེལ་འཆར་སྒོའི་བྱ་རིམ་ ཡང་ན་ རང་བཞིན་གྱི་ཐབས་འཕྲུལ་ལག་ལེན་འཐབ་ནི་
གནང་བ་མེད་པར་གསལ་བསྒྲགས་འབད་ནི་ ཁྱབ་སྤེལ་མཁོ་ཆས་ དགོས་མཁོ་མེད་པའི་གློག་འཕྲིན་སྣ་ཚོགས་ཚུ་ དཔེ་སྐྲུན་དང་ ཁྱབ་བསྒྲགས་འབད་ནི་
གནང་བ་མེད་པར་ མི་དམངས་ཀྱི་དོན་ལུ་མེན་པའི་མཁོ་ཆས་དང་ མི་ངོམ་ ཡང་ན་ ཚོང་སྡེ་གི་སྐོར་བརྡ་དོན་ཚུ་ ཁྱབ་བསྒྲགས་འབད་ནི་
ང་བཅས་ཀྱི་འཆར་སྒོ་འདི་ དོན་མིན་ ཡང་ན་ ཁྲིམས་འགལ་དོན་ལུ་ ལག་ལེན་འཐབ་ནི་ཚུ་ཨིན།
སྤྱོད་མིས་བཟོ་བའི་ནང་དོན། ཁྱོད་ཀྱི་ནང་དོན་ཚུ་ ང་ཅབས་ལུ་སྤྲོད་ནིའི་དོན་ལུ་ ང་བཅས་ཀྱི་འཆར་སྒོ་འདི་ནང་ ཆ་ཤས་ཚུ་བཟོ་སྟེ་ཡོད། ཁྱོད་ཀྱི་ནང་དོན་ཚུ་ འཆར་སྒོ་འདི་ནང་བཙུགས་པའི་བསྒང་ལས་ ཁྱོད་ཀྱི་ནང་དོན་དེ་ཚུ་ མི་དམངས་ཀྱིས་ཐོབ་ཚུགསཔ་ཨིན། ཁྲིམས་ལུགས་བསྟར་དུ་ ཁྱོད་ལུ་ ཀྲི་སི་སི་སི་(TCCC)དང་ འབྲེལ་ཡོད་ངོ་བོ་ཚུ་གིས་ ཐུན་མོང་མ་ཡིན་པའི་རིགས་ སོར་བཏུབ་མི་ དེ་ལས་ ཁྲལ་ག་ཅི་ཡང་མ་ཕོགསཔ་མ་ཚད་ བདག་དབང་དང་ཆོག་ཐམ་ཚུ་ཡང་ རྒུད་འཐུས་ག་ནི་ཡང་མ་ཕོགསཔ་སྦེ་ བྱིནམ་ཨིན།:
ཀོ་ཀ་ཀོ་ལ་ ཨཕ་རི་ཀ་(Coca‑Cola Africa)དང་ འབྲེལ་ཡོད་ངོ་བོ་ཚུ་གི་དོན་ལུ་ ནང་དོན་དེ་ཚུ་ བརྡ་བརྒྱུད་སྣ་ཚོགས་ནང་ལུ་ ལག་ལེན་འཐབ་ནི་དང་ སླར་ལོག་བཟོ་ནི་ བཀྲམ་སྤེལ་འབད་ནི་དང་ འབྲེལ་མཐུན་བཟོ་ནི་ དེ་ལས་ རྒྱང་བསྒྲགས་འབད་ནི་དང་ གསལ་སྟོན་འབད་ནི་དང:
ལག་ལེན་འཐབ་བཏུབ་པའི་ཁྲིམས་ལུགས་ཀྱི་གནང་བ་བསྟར་དུ་ དབྱེ་རིམ་སྣ་མང་གི་ཐོག་ལས་ དབང་ཆ་གི་ཆོག་ཐམ་སྤྲོད་ནི།
ད་ལྟོ་ ལག་ལེན་འཐབ་ཡོད་པའི་ཆོག་ཐམ་འདི་ ང་བཅས་ཀྱི་འཆར་སྒོ་ལག་ལེན་འཐབ་ནི་ནང་ལས་ ཁ་གསལ་གཤམ་ལུ་བཀོད་ཡོདཔ་བཞིན་ བཏོན་བཏང་ནི་ཡང་ཡོད།
ང་བཅས་ཀྱི་འཆར་སྒོའི་ཐོག་ལས་ ཁྱོད་ཀྱིས་ ནང་དོན་ག་ཅི་བཟུམ་ར་བརྗེ་སོར་འབད་རུ་ ཁྱོད་ལུ་ དབང་ཆ་དང་གནང་བ་ཡོད་ཟེར་གསལ་སྟོན་འབདཝ་མ་ཚད་ ནང་དོན་དེ་ཚུ་ག་ར་ ཁྲིམས་ལས་འགལ་བ་མེནམ་དང་ འདྲ་བཤུས་དབང་ཆ་ཡོདཔ་ དེ་ལས་ ཚོང་རྟགས་ ཚོང་འབྲེལ་གྱི་ཁྱད་ཆོས་ བློ་རིག་རྒྱུ་དངོས་དང་ རྩ་བོ་གསུམ་པའི་བདག་དབང་ལ་སོགས་པ་ཚུ་ ག་ར་ གློག་རིག་ནད་ཡམས་དང་ གནོད་མཉེན་ཚུ་ལས་ བྲལ་བ་ཨིན།
དེ་གིས་ཡང་མ་ཚད་ ཁྲིམས་འགལ་མེན་པ་ཅིན་ ཁྱོད་ཀྱིས་ མིང་གཏམ་དབང་ཆ་ ཡང་ན་ བདག་དབང་གཞན་ཚུ་ཡང་ འགྱུར་ལྡོག་མེད་པའི་དགོངས་ཡངས་གཏང་ཆོག
ང་བཅས་ཀྱི་འཆར་སྒོའི་ཐབས་ཤེས་གནས་སྐབས་དང་ བསམ་ལན་ ཡང་ན་ ཚོང་འབྲེལ་དང་ འབྲེལ་ཡོད་ཚོང་ལས་ཀྱི་རྒུད་འཐུས་ཚུ་ སྤྲོད་ཟེར་ ཨུ་ཚུགས་རྐྱབ་ནི་མེད།
སྒེར་གསང། ཁྱོད་ཀྱིས་ རང་རྐྱང་གི་གནས་ཚུལ་ (དཔེ་འབདན་ ཁྱོད་རའི་མིང་ ཁ་བྱང་ བརྒྱུད་འཕྲིན་ཨང་གྲངས་ ཡང་ན་ ཡོངས་འབྲེལ་གློག་འཕྲིན་ཁ་བྱང) ཚུ་ གློག་འཕྲུལ་ཐོག་ལས་ འཆར་སྒོ་ནང་གཏང་མི་ཚུ་ ཡང་ན་ ཀྲི་སི་སི་སི་(TCCC)གིས་ སྒེར་གསང་སྲིད་བྱུས་ནང་ལུ་ཡོད་མི་དང་འཁྲིལ་ ལག་ལེན་འཐབ་འོང་། དེ་མེན་པའི་ བརྒྱུད་འབྲེལ་ ཡང་ན་ མཁོ་ཆས་གཞན་ འཆར་སྒོ་ནང་ལུ་གཏང་མི་ དྲི་བ་དང་ བསམ་ལན་ དེ་ལས་ བསམ་འཆར་ ལ་སོགས་པ་ཚུ་ གསང་བ་མེནམ་སྦེ་བརྩི་འོང་།
ཁག་འབག་གི་ཁ་མི་བཟེད་བའི་ངག་བརྗོད། ནང་དོན་འདི་ཚུ་ འགྱུར་བ་འགྱོ་སྲིདཔ་ལས་ ཁྱོད་ལུ་ཡང་ ཁག་འབག་མེདཔ་སྦེ་ བྱིན་ཏེ་ཡོད། དེ་ཡང་ ཤུགས་ཀྱིས་སྟོན་པའི་ ཚོང་སྒྱུར་རུང་བའི་ཁག་འབག་དང་ དགོས་པ་གཅིག་གི་དོན་ལུ་ བཏུབ་མི་ ཡང་ན་ ཧམ་འཛུལ་མེདཔ་ཚུ་ཨིན། ཀྲི་སི་སི་སི་(TCCC)གིས་ ཁྱོད་ཀྱིས་ ནང་དོན་ག་ཅི་བཟུམ་ར་ལག་ལེན་འཐབ་རུང་ དེ་ རྩ་བོ་གསུམ་པའི་ཧམ་འཛུལ་འབད་ནི་ ཡང་ན་ ནང་དོན་དེ་ འཛོལ་བ་མེད་ ཆ་ཚང་ཡོདཔ་ ཡང་ན་ དུས་ཐུན་བཟོ་བཟོཝ་ཨིན་ཟེར་ ཁག་འབག་ནི་ ཡང་ན་ ཁྱད་ཚབ་འབད་ནི་མེད། ང་བཅས་ཀྱིས་ ནམ་ར་འབད་རུ་ ང་བཅས་ཀྱི་འཆར་སྒོ་ནང་ལུ་ ནང་དོན་འཛོལ་བ་མེདཔ་དང་ དུས་མཐུན་འབད་འབདཝ་རྐྱངམ་ཅིག་ ལག་ལེན་འཐབ་ཨིན། དེ་འབདཝ་ད་ ཀྲི་སི་སི་སི་(TCCC)གིས་ བརྟན་བརྟན་ཡོད་ཧིང་ དག་བཅོས་འབད་འབདཝ་ཨིན་མེན་ ཡང་ན་ འཆར་སྒོ་ནང་གི་ བརྡ་དོན་གྱི་འབྲེལ་བ་ཡོད་མེད་ཚུ་ ཁག་འབག་ནི་མེད། དེ་དང་འཁྲིལ་ཏེ་ར་ ཀྲི་སི་སི་སི་(TCCC)གིས་ འཆར་སྒོ་འདི་གི་ནང་དོན་ནང་ལུ་ འཛོལ་བ་ག་ཅི་བཟུམ་ར་ཡོད་རུ་ (དེ་ཡང་ མཚམས་ཚོད་མེདཔ་ དེབ་བཟོ་གི་འཛོལ་བ་དང་ འཕྲུལ་རིག་གི་འཛོལ་བ་སོགས་) འཛོལ་བའི་ཁག་མི་འབག འཆར་སྒོ་ནང་གི་བརྡ་དོན་ཚུ་ ཁྱོད་ལུ་དྲན་སྐུལ་མེད་རུ་ འགྱུར་བ་འགྱོ་སྲིད།
དེ་མ་ཚད་ འཆར་སྒོ་འདི་ནང་ གྲོས་བསྟུན་དང་ ཁྱབ་བསྒྲགས་ གཏོང་ལེན་དང་ རྒྱང་བསྒྲགས་འབད་ཡོད་མི་དང་འཁྲིལ་ཏེ་ ཁྲིམས་འགལ་དང་ འཇིགས་སྐུལ་ རྫུས་མ་དང་ མགུ་བསྐོར་ དམའ་ཕབ་ཀྱི་རིགས་ བརྙས་བཅོས་འབད་མི་དང་ རྫུན་མ་ ཁ་ཉེས་བཀལ་ནི་དང་ ཚུལ་ཐུན་མེན་པའི་རིགས་ ཁམས་ལོག་སི་སི་ རྣམ་ཏོག་ལང་སི་སི་ འཚུབ་དྲགས་ཅན་དང་ འདོད་པའི་པར་བརྙན་ ཡང་ན་ དད་ལོག་པའི་ཡིག་ཆས་ལ་སོགས་པ་ཚུ་ ཀྲི་སི་སི་སི་(TCCC)གིས་ འགན་ཁུར་མི་ཕོག
ཉེན་ཁ་ལས་ཟུར་བཏོན། ཉེན་ཁ་རང་གིས་འབག་ཐོག་ལས་ འཆར་སྒོ་ལག་ལེན། ཀྲི་སི་སི་སི་(TCCC)དང་ དེ་གི་ འབྲེལ་ཡོད་ཡན་ལག་ཚུ་ ཡང་ན་ དེ་གི་ངོ་ཚབ་དང་ འབྲེལ་ཡོད་ཚོགས་པ་ཚུ་ག་ལུ་ཡང་ ཐད་དཀར་དང་ ཐད་དཀར་མིན་པའི་ཐོག་ལས་ འཆར་སྒོ་འདི་ ལག་ལེན་འཐབ་པའི་ཞོར་ཁར་ ཡང་ན་ དམིགས་བསལ་དང་ གནད་ཁུངས་འབད་ར་ གནོད་ངན་རེ་འབད་བ་ཅིན་ ཉེན་ཁ་མི་ཕོགས། དེ་མ་ཚད་ གནས་སྐབས་ཅིག་གི་དོན་ལུ་ འཆར་སྒོ་དང་ དེ་གི་ནང་དོན་ ལག་ལེན་འཐབ་ནི་ ཁེ་རྒུད་སྦོམ་བཟོ་ནི་ ཚོང་གི་མཐུན་འབྲེལ་མར་ཉམས་ནི་ གནས་སྡུད་འབྱང་ནི་ ལཱ་མ་འབད་བར་བཞག་ནི་ གྲུབ་འབྲས་ངེས་གཏིགས་ གློག་རིག་གི་འཐུས་ཤོར་ ཡང་ན་ ལཱ་ཚུལ་བཞིན་མ་འབདཝ་ལ་སོགས་པའི་ཉེན་ཁ་ཚུ་ཡང་ མི་འབག
རྒུད་འཐུས་སྤྲོད་ནི།: ཁྱོད་ཀྱིས་ འཆར་སྒོ་ལག་ལེན་འཐབ་ད་འབྲེལ་བ་ཡོད་མི་ལུ་ རྒྱབ་སྣོན་འབད་ནི་ རྒུད་འཐུས་སྤྲོད་ནི་དང་ ཀྲི་སི་སི་སི་(TCCC)ལུ་ གནོད་སྐྱོན་གྱི་ལས་འཆར་ཚུ་ དེ་ལས་ གོ་བ་བརྡ་སྤྲོད་ཀྱི་འཐུས་ ལ་སོགས་པའི་ ཟད་རྩིས་ཚུ་ཡང་ ཁ་བཟེད་དེ་ཡོད།
རྩ་བོ་གསུམ་པའི་འཆར་སྒོ་གི་འབྲེལ་མཐུད།: འཆར་སྒོ་འདི་ནང་ ཀྲི་སི་སི་སི་(TCCC)མིན་པའི་གཞན་ རང་དབང་ཡོད་པའི་འཆར་སྒོ་ ཡང་ན་ རྩ་ཕན་གཞན་གྱིས་གཡོག་བཀོལ་ཡོད་པའི་འབྲེལ་མཐུད་ཚུ་ཡང་ཡོད། འབྲེལ་མཐུད་དེ་ཚུ་ ཁྱོད་རའི་སྟབས་བདེ་ཧིང་ལུ་བལྟ་སྟེ་ བྱིནམ་ཨིན། འཆར་སྒོ་འདི་ནང་གི་ནང་དོན་ ཡང་ན་ གསང་བའི་སྲིད་བྱུས་ཚུ་ ཡང་ན་ དེ་གི་ཉེན་སྲུང་ལ་སོགས་པ་ཚུ་ ཀྲི་སི་སི་སི་(TCCC)གིས་ དབང་ཚད་གཟུང་ནི་མེད། བཀག་འཛིན་མ་འབདཝ་ལས་བརྟེན་ ཀྲི་སི་སི་སི་(TCCC)གིས་ ཁ་མི་བཟེད་བའི་འཆར་སྒོ་དེ་ཚུ་ཡང།:
རྩ་ཕན་གསུམ་པའི་བློ་རིག་རྒྱུ་དངོས་བདག་དབང་ལུ་ ཁྲིམས་འགལ་འབད་ནི;
དེ་ཚུ་ ནོར་འཁྲུལ་ཡོདཔ་ ཆ་མ་ཚངམ་ ཡང་ན་ ཕྱི་འགྱུར་ཨིནམ;
དེ་ཚུ་ ཚོང་སྒྱུར་རུང་བ་མེནམ ཡང་ན་ དམིགས་བསལ་གྱི་གནད་དོན་རྐྱངམ་གཅིག་ལུ་ འགྲིག་ཡོདཔ;
ཉེན་སྲུང་ལངམ་སྦེ་ བྱིན་མེདཔ;
གློག་རིག་ནད་ཡམས་ ཡང་ན་ གནོད་ངན་ཅན་གྱི་དོན་ཚན་གཞན་ ཡང་ན;
རྫུན་མ་ ཡང་ན་ ཁ་ཉེས་ཅན་ཨིནམ།
འཆར་སྒོ་དེ་ཚུ་གི་ ནང་དོན་ ཡང་ན་ ཐོན་ཁུངས་ ཡང་ན་ ཞབས་ཏོག་ཚུ་ ཀྲི་སི་སི་སི་(TCCC)གིས་ ཆ་སྦྱོར་འབད་ནི་མེད། ག་དེམ་ཅིག་འབད་ ཁྱོད་ཀྱིས་ འཆར་སྒོ་འདི་ལུ་ འབྲེལ་མཐུད་ ཡང་ན་ འཆར་སྒོ་གཅིག་བཟོ་བ་ཅིན་ ཀྲི་སི་སི་སི་(TCCC)གི་གནང་བ་མེད་པར་ ཁྱོད་རའི་ཉེན་ཁ་འབག་ཐོག་ལས་བཟོ།
གནས་ཡུན་བསྐྱར་བཟོ་དང་དགོངས་ཕོག: ཀྲི་སི་སི་སི་(TCCC)གིས་ དྲན་སྐུལ་ག་ནི་ཡང་མ་འབད་བར་ ལག་ལེན་འགན་ཚིག་ཚུ་ དུས་མཐུན་བཟོ་སྟེ་ ཁྱབ་བསྒྲགས་འབད་འོང་། ག་དེ་སྦེ་ཨིན་རུ་ ཁྱོད་ཀྱིས་ བསྐྱར་བཟོ་འབད་ཡོད་པའི་ལག་ལེན་འགན་ཚིག་ལུ་གནས་དགོཔ་ལས་ འཕྲལ་འཕྲལ་ར་ ཨ་ནཱི་གདོང་ཤོག་འདི་ནང་ ལྟ་སྐོར་འབད། འཆར་སྒོའི་གནས་དུས་ཕྱོགས་རིས་མེད་པའི་ཐོག་ལས་ ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་ ཡང་ན་ དེ་ནང་གི་ནང་དོན་ཚུ་ དུས་ནམ་ར་འབད་རུ་ འཐོབ་ཚུགསཔ་སྦེ་བཟོ་སྟེ་ བཞག་འོང་། ཚོང་འབྲེལ་དང་ ལག་ལེན་འཐབ་ནིའི་དོན་ལུ་ ང་བཅས་ཀྱི་འཆར་སྒོའི་ཆ་ཤས་ག་ར་ ཡང་ན་ ཆ་ཤས་དག་པ་རེ་ མཚམས་སྦྱོར་འབད་ནི་ ཡང་ན་ ཕྱིར་བཏོན་འབད་ནི་ ཡང་ན་ ཚད་བཟོ་བཞག་འོང་། ང་བཅས་ཀྱིས་ ཁྱོད་ལུ་ མཚམས་སྦྱོར་ ཡང་ན་ ཕྱིར་བཏོན་གྱི་ ཁུངས་ལྡན་དྲན་སྐུལ་འབད་འོང་། ཁྱོད་ཀྱིས་ འཐོབ་ཡོད་པའི་གནད་དོན་ཚུ་གི་སྐོར་ལས་ ང་བཅས་ཀྱིས་ ཁ་མི་བཟེད།
ཁྲིམས་དང་ དབང་ཚད།: འ་ནཱི་ ལག་ལེན་འགན་ཚིག་དང་ འཆར་སྒོ་ལག་ལེན་འདི་ འབྲུག་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བསྟར་ དབང་ཚད་གཟུངམ་ཨིན། ལག་ལེན་འགན་ཚིག་ ཡང་ན་ འཆར་སྒོ་ ཡང་ན་ དེ་ཚུ་ ལག་ལེན་ག་དེ་སྦེ་འཐབ་ཨིན་ན་ དེ་དང་འབྲེལ་བའི་རྩོད་རྙོགས་དང་ ཚ་གྱང་ལ་སོགས་པ་ཚུ་ འོས་འབབ་ཡོད་པའི་ འབྲུག་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱིས་ དབང་ཚད་གཟུངམ་ཨིན།
རྩིས་ཁྲ་ཐོ་བཀོད།: འཆར་སྒོ་འདི་གི་ཆ་ཤས་ལ་ལུ་ཅིག་ ལག་ལེན་འཐབ་ནིའི་དོན་ལུ་ ཁྱོད་རའི་རྩིས་ཁྲ་གསརཔ་སྒོ་ཕྱེ་སྟེ་ གསང་ཨང་ཚུ་ བཟོ་དགོཔ་འོང་། རྩིས་ཁྲ་སྒོ་ཕྱེ་ནིིའི་དོན་ལུ་ ཁྱོད་ལུ་ ཡོངས་འབྲེལ་འཆར་སྒོའི་ཁ་བྱང་གཅིག་དགོ རྩིས་ཁྲ་འདི་ གཞན་དང་མཉམ་རུབ་སྦེ་ མི་བཏུབ། ཁྱོད་རའི་སྤྱོད་མིང་དང་ གསང་ཨང་ཚུ་ ཁྱོད་རའི་སྒེར་དོན་ལག་ལེན་འཐབ་ནིའི་དོན་ལུ་ཨིནམ་ལས་ གསང་བའི་ཐོག་ལས་བཞག་དགོ མི་ངོམ་རེ་རེ་གིས་ རྩིས་ཁྲ་རེ་རེ་རྐྱངམ་ཅིག་བཟོ་ཆོག ག་དེམ་ཅིག་སྦེ་ གཅིག་ལས་མངམ་ཡོད་པ་ཅིན་ རྩིས་ཁྲ་འདི་ ལྡེ་མིག་རྐྱབ་ནི་ མ་བཏུབ་བཟོ་ནི་ བཀག་བཞག་ནི་ ཡང་ན་ གསད་གཏང་ནིའི་དབང་ཚད་འདི་ ང་བཅས་ལུ་ཡོད།
འགྲན་བསྡུར་ གདོང་ལེན་ ལས་སྣ་ བརྟག་ཞིབ་དང་ ཁྱབ་སྤེལ་གྱི་སྒྲིག་གཞི། འགྲན་བསྡུར་ གདོང་ལེན་ ལས་སྣ་ བརྟག་ཞིབ་དང་ ཁྱབ་སྤེལ་ལ་སོགས་པ་ཚུ་ འཆར་སྒོ་འདི་ནང་ལས་ འཐོབ་ཚུགསཔ་བཟོ་མི་ཚུ་ དམིགས་གསལ་གྱི་ སྒྲིག་གཞི་གཞན་གཅིག་གིས་ བདག་དབང་བཟུངམ་ཨིན། ཁྱོད་ཀྱིས་ འགྲན་བསྡུར་ གདོང་ལེན་ ལས་སྣ་ བརྟག་ཞིབ་དང་ ཁྱབ་སྤེལ་ལ་སོགས་པའི་ལས་རིམ་ག་ཅི་ནང་ བཅའ་མར་གཏོགསཔ་ཅིག་ སྒྲིག་གཞི་འདི་ གཞན་དང་མ་འདྲཝ་སྦེ་ཡོད་རུ་ འདི་ལུ་ གནས་དགོ ཁྱོད་ལུ་ དམིགས་གསལ་གྱི་ལས་སྣ་ཚུ་ལས་འབྲེལ་མཐུད་འབད་ཡོད་པའི་ སྒྲིག་གཞི་ཚུ་དང་ སྒེར་གསང་སྲིད་བྱུས་བསྐྱར་ཞིབ་འབད་ནིའི་དོན་ལུ་ ལེགས་ཤོམ་སྦེ་ལྷག་ཟེར་སླབ་ནི་ཨིན། ག་དེམ་ཅིག་སྦེ་ ཁྱོད་ཀྱིས་ གཡོ་སྒྱུ་ཅན་ ཡང་ན་ ཚུལ་ལྡན་མེན་པའི་ལས་སྣ་ ཡང་ན་ སྒྲིག་གཞི་ལས་འགལ་བའི་སྤྱོད་པ་རེ་སྟོན་པ་ཅིན་ ཁྱོད་ཀྱི་བཅའ་མར་གཏོགས་ནི་དང་ རྩིས་ཁྲའི་དལ་དབང་དེ་ཚུ་ མཚམས་སྦྱོར་འབད་འོང་ ཡང་ན་ ཕྱིར་བཏོན་འབད་གཏངམ་ལས་ གསོལ་ར་འཐོབ་ནིའི་གོ་སྐབས་ཚུ་ འབྱང་འོང་།
བརྡ་དོན་ ཡང་ན་ ཉོག་བཤད། འཆར་སྒོ་འདི་གི་སྐོར་ལས་ དྲི་བ་ ཡང་ན་ ཉོག་བཤད་རེ་ཡོད་པ་ཅིན་ it@bhutancoke.com ནང་ལུ་ གློག་འཕྲིན་གཏང་གནང་། དེ་མ་ཚད་ འགྲུལ་འཕྲིན་ཨང་གྲངས་ +༩༧༥༧༧༡༩༠༣༠༡ གི་ཐོག་ལས་ ང་བཅས་དང་ཅིག་ཁར་ འབྲེལ་བ་འཐབ།
འདྲ་བཤུས་དབང་ཆ་ ༢༠༢༢ ©ཀོ་ཀ་ཀོ་ལ་ཚོང་སྡེ། © 2023 The Coca‑Cola Company. བདག་དབང་ཧྲིལ་བུམ།