རི་ཏི་མ་ར་ཀེན།(Reetima Rakyan)

སྲིད་འཛིན་འོགམ། ཚོང་སྒྱུར་ལས་སྡེ་–ཨེསི་ཌབ་ལུ་ཨེ་ཀོ་ཀ་ཀོ་ལ་(SWA Coca‑Cola) རྒྱ་གར་དང་ལྷོ་ནུབ་ཨེ་ཤི་ཡ།(Asia)

རི་ཏི་མ་ར་ཀེན་(Reetima Rakyan)འདི་ ལྷོ་ནུབ་ཨེ་ཤི་ཡ་(Asia)ཀོ་ཀ་ཀོ་ལའི་(Coca‑Cola)སྲིད་འཛིན་འོགམ་ཨིན། ད་ལྟོ་ མོ་གིས་ བང་ལ་དེཤ་ ནེ་པལ་ སི་རི་ལང་ཀ་ མལ་དེབསི་དང་ འབྲུག་རྒྱལ་ཁབ་(Bangladesh, Nepal, Sri Lanka, Maldives & Bhutan) རྩིས་ཏེ་ ལྷོ་ནུབ་ཨེ་ཤི་ཡ་(Asia)གི་ ཚོང་སྒྱུར་ལས་སྡེ་འགོ་ཁྲིད་འབད་དེ་ཡོད། མོ་གིས་ སྤྱི་ལོ་ ༢༠༡༣ ལས་ ཚོང་སྡེ་འདི་ནང་ལཱ་འབད་དེ་སྡོད་ནུག རི་ཏི་མ་(Reetima)གིས་ ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་ནང་ལུ་ ལོ་ངོ་བརྒྱད་ཀྱི་རིང་ ལཱ་འབད་བའི་སྐབས་ལུ་ མོ་གིས་ ལུང་ཕྱོགས་ཚོང་ལས་འཛིན་སྐྱོང་པ་གི་གོ་གནས་འབག་སྟེ་ ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་དང་ རྒྱ་གར་ལྷོ་ཕྱོགས་དང་དབུས་ཕྱོོགས་ཀྱི་ ཚོང་སྡེ་འདི་གིས་དབང་བའི་ ལས་སྡེ་དང་ མཐུན་ལམ་ཟབ་ཟབ་བཟོ་སྟེ་ཡོདཔ་ཨིན།

མོ་གིས་ ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་ནང་ལུ་ ལོ་ངོ་བདུན་གྱི་རིང་ ལཱ་འབད་བའི་སྐབས་ མོ་ལུ་ གྲངས་ལས་འདས་པའི་གོ་སྐབས་དང་ ཉམས་མྱོང་ཚུ་ཡང་ཐོབ་ནུག། དེ་ཡང་ ལུང་ཕྱོགས་ཚོང་ལས་འཛིན་སྐྱོང་པ་འབད་ ལྷོ་དང་ནུབ་རྒྱ་གར་གྱི་བི་ཨའི་ཇི་(BIG) ཚོང་ལས་ལུ་ རྒྱབ་སྐྱོར་འབད་མི་ལས་ རྒྱལ་ཡོངས་ཚོང་མགྲོན་པའི་ཚོང་ལས་འགོ་ཁྲིད་འབད་མི་ཚུ་ཨིན་མས།

མོ་འདི་ རྒྱ་གར་ལས་ ཨེཊ་ལན་ཊ་(Atlanta)ལུ་ ཨམ་སྲུ་འགོ་ཁྲིད་ལས་རིམ་ནང་ལུ་ གདམ་འཐུ་འབད་དེ་ཡོདཔ་ཨིན། དེ་མ་ཚད་ མོ་འདི་ ཨེ་པི་ཨེ་སི་(APAC)ལྕོགས་གྲུབ་ལས་རིམ་གྱི་འཐུས་མི་གཅིག་ཨིནམ་ད་ ཨའི་ཨེན་ཨེསི་དྲབ་ལུ་ཨེ་(INSWA)སྣ་མང་དང་ གྲལ་བཙུགས་ཚོགས་སྡེ་ ཨེ་པི་ཨེ་སི་(APAC)སྣ་མང་ལ་སོགས་པའི་ལས་རིམ་ཚུ་གི་འཐུས་མི་གཅིག་ཨིན་པའི་ཁར་ བི་ཨའི་ཇི་(BIG)གི་ཆ་རོགས་ཚུ་ད་ཡང་ དམ་སྦྱིས་ཚོང་ལས་སློབ་གྲྭའི་ལས་རིམ་ནང་ལུ་ གདམ་འཐུ་འབད་ཡོདཔ་ཨིན། དེ་མ་ཚད་ མོ་གིས་ ཚོང་ལས་ལས་ཚན་སྲིད་འཛིན་གྱི་རྟགས་མ་གཅིག་ཡང་འཐོབ་ནུག

མོ་གིས་ འགོ་ཁྲིད་ཀྱི་འགན་ཁུར་འབག་ནི་འདི་ སྤྱི་ལོ་༢༠༡༨ ལུ་ རྒྱ་གར་གྱི་ལམ་ལུགས་ཐོག་ འཐུང་རིགས་ལཱ་འགན་སྡེ་ཁོངས་ཀྱི་རིག་གསལ་ཚོང་ལས་མ་དཔེ་གཅིག་ བཟོ་ནིའི་འགན་ཁུར་འབག་སྟེ་ འགོ་བཙུགས་ཡོདཔ་ཨིན་མས། ལཱ་འགན་སྡེ་ཁོངས་དེ་ཡང་ ཤིང་འབྲས་ཀྱི་ཁུ་བ། རྒྱ་སྐྱེད་འབད་འབད་བའི་ཆུ་དང་ ཨོ་ཆས། དེ་ལས་ རྒྱལ་ཁབ་ཡོངས་ཀྱི་ བརྒྱུད་འབྲེལ་ཐོག་གི་བཟོ་སྐྲུན་འབད་མི་དང་ བཀྲམ་སྤེལ་འབད་མི་ཚུ་གི་དོན་ལུ་ ཚོང་ལས་ནང་ལུ་འགྱོ་ཟེར་བའི་ཐབས་བྱུས་གསརཔ་ བཟོ་སྟེ་ ལག་ལེན་འཐབ་ནི་ཚུ་ཨིན་མས།

དེ་ལས་ སྤྱི་ལོ་༢༠༡༥ ལུ་ མོ་གིས་ ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་ལུ་ རྒྱལ་ཡོངས་རྩིས་ཁྲ་གཙོ་བོ་གི་མདོ་ཆེན་གྱི་འགན་ཁུར་འབག་ཡོདཔ་དང་ དེ་གི་སྐབས་ལུ་ མོ་གིས་ འོང་འབབ་ བགོ་བཤའ་དང་ ཁེབ་ས་ཚུ་གི་ཚད་ཡང་ སྔར་ལས་ལྷགཔ་སྦེ་ ཡར་སེང་འགྱོ་ཡོདཔ་ཨིན་མས། ཚོང་སྡེ་འདི་ལུ་ མོ་རའི་ཁས་ལེན་དང་ བློ་འདོད་བསྐྱེད་ཐངས་ལས་བརྟེན་ཏེ་ མོ་གིས་ གོ་གནས་ཚུ་ཡང་ གཅིག་ཤུལ་གཅིག་སྦེ་འཐོབ་ཡོདཔ་ཨིན་མས། དེ་ཡང་ མདོ་ཆེན་– འོང་འབབ་བརྒྱུད་ལམ་དང་ སྲིད་འཛིན་འོགམ– ཚོང་མགྲོན་པ་དང་འོང་འབབ་ཕྱིར་ཐོན། དེ་གི་སྐབས་ལུ་ མོ་གིས་ ཕྱི་ནང་གཉིས་ཆ་རའི་ཁེ་གྱོང་ཡོད་མི་ཚུ་དང་ མཉམ་འབྲེལ་ཐོག་ལས་ འོང་འབབ་ཕྱིར་ཐོན་བརྒྱུད་ལམ་གྱི་སབ་ཁྲ་བཟོ་ནུག

ལོ་ངོ་བཅོ་བརྒྱད་ཀྱི་ཉམས་མྱོང་ལས་བརྟེན་ རི་ཏི་མ་གིས་ མི་རློབས་ཡར་རྒྱས་དང་ ཚོང་རོགས་འཛིན་སྐྱོང་ དེ་ལས་ བརྒྱུད་ལམ་ཐོག་གི་ཚོང་འབྲེལ་ལག་ལེན་ ལ་སོགས་པའི་ནང་ལུ་ མཁས་མཆོག་གི་ཡོན་ཏན་ཚུ་ཐོབ་ཡོདཔ་ཨིན་མས། ཀོ་ཀ་ཀོ་ལ་(Coca‑Cola)ནང་ལུ་ ལཱ་མ་འབད་བའི་ཧེ་མ་ རི་ཏི་མ་(Reetima)གིས་ མིང་གཏམ་ཅན་གྱི་ཚོང་སྡེ་ མ་རི་ཀོ་(Marico) སི་ཀྲི་བེངཀེ་(Citibank)དང་ པི་དྲི་ལ་ཡེཏ་(Pidilite) ཚུ་ནང་ ལཱ་འབད་དེ་ཡོདཔ་ཨིན་མས།

མོ་གིས་ སིམ་བ་ཡོ་སིས་(Symbiosis)རྒྱལ་སྤྱི་ཚོང་ལས་སྤེལ་ཁང་ནང་ལས་ ཨེམ་བི་ཨེ་(MBA)གི་ཤེས་ཡོན་སྦྱང་ཡོདཔ་ད་ སིམ་བ་ཡོ་སིས་(Symbiosis)ཚོང་རིག་མཐོ་རིམ་སློབ་གྲྭ་ནང་ལས་ གཙུག་ལག་གཞི་རིམ་གྱི་ཤེས་ཡོན་སྦྱང་ཡོདཔ་ཨིན་མས།

མོ་གིས་ ལམ་འགྲུལ་འབད་ནི་ རྩལ་རྐྱབ་ནི་ བསྒྱིར་ནི་ རྐང་འཁོར་གཏང་ནི་ དེ་ལས་རྩེད་རིགས་འབད་བ་ཅིན་ – གནམ་ཁར་མཆོང་ནི་ བཤུད་པང་གི་རྩེདམོ་དང་ ཁཝ་ནང་རྩེདམོ་རྩེད་ནི་ཚུ་ནང་ སྤྲོ་བ་སྦོམ་ཡོདཔ་ཨིན་མས།