པད་མལ་ ས་མ་ར་པི་རུ་མ།(Padmal Samarapperuma)

སྲིད་འཛིན་འོགམ-ཐབས་བྱུས་དང་ཚོང་ལས་འཆར་གཞི་ ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་དང་ལྷོ་ནུབ་ཨེ་ཤི་ཡ།(Asia)

པད་མལ་ ས་མ་ར་པི་རུ་མ་(Padmal Samarapperuma) འདི་ ཐབས་བྱུས་དང་ཚོང་ལས་འཆར་གཞི་ ཀོ་ཀ་ཀོ་ལ་(Coca‑Cola)རྒྱ་གར་དང་ལྷོ་ནུབ་ཨེ་ཤི་ཡ་(Asia)གི་ འགོ་འཛིན་ཨིན། ད་ལྟོ་ ཁོ་གིས་ བརྡ་དོན་སྤྲོད་ལེན་འབད་ནི་ ལག་ལེན་འཐབ་ནི་དང་ མཉམ་རུབ་ཐོག་ལས་ཐབས་བྱུས་ཅན་གྱི་གསར་བཏོད་རྒྱ་སྐྱེད་གཏང་ནིའི་འགན་ཁུར་འབག་སྟེ་ཡོད། པད་མལ་(Padmal)ལུ་ དངུལ་རྩིས་ཀྱི་ནང་ལུ་ རྩིས་ཞིབ་དང་མཁོ་སྒྲུབ་འབད་མིའི་ལཱ་གི་ཉམས་མྱོང་འཐོབ་ཡོདཔ་ལས་ ཚོང་སྡེ་འདི་གི་ལས་དོན་སྒྲུབ་ནི་ནང་ལུ་ དགོ་པའི་མི་ངོམ་གཅིག་ར་ཨིན།

པད་མལ་(Padmal)ལུ་ ལོ་ངོ་༢༤ གི་ལཱ་གི་ཉམས་མྱོང་ཡོདཔ་མ་ཚད་ ཀོ་ཀ་ཀོ་ལ་(Coca‑Cola)རིམ་ལུགས་ནང་ལུ་ར་ ལོ་ངོ་༡༨ ལས་ལྷག་སྟེ་ ལཱ་འབད་དེ་ཡོད། ཁོ་གིས་ ཚོང་སྡེ་འདི་ནང་ སྤྱི་ལོ་༢༠༠༣ ལུ་ སི་རི་ལང་ཀ་(Sri Lanka)ལུ་ འཛུལ་བཞུགས་འབད་ནུག དེ་བསྒང་ དངུལ་རྩིས་དང་འབྲེལ་བའི་ལས་སྣ་ནང་ལུ་ དངུལ་འབྲེལ་རྩིས་དཔོན་གྱི་འགན་ཁུར་འབག་ནུག

དེ་ལས་ སྤྱི་ལོ་ ༢༠༠༨ ལུ་ པད་མལ་(Padmal)གིས་ ཀེམ་བོ་དྲི་ཡ་(Cambodia)ལུ་འགྱོ་སྟེ་ ཀོ་ཀ་ཀོ་ལ་ ཀེམ་བོ་དྲི་ཡ་(Coca‑Cola Cambodia) གི་ དངུལ་རྩིས་གཙོ་འཛིན་འགོ་དཔོན་གྱི་ལཱ་འགན་འབག་ནུག དེ་ལས་ སྤྱི་ལོ་ ༢༠༡༣ སྤྱི་ཟླ་ལྔ་པའི་ནང་ལུ་ ཁོ་གིས་ བེཊ་ནམ་(Vietnam)ལུ་འགྱོ་སྟེ་ བི་ཨའི་ཇི་ཨིན་དྲོ་ཅའི་ན་(BIG Indochina)གི་ མཁོ་སྒྲུབ་མདོ་ཆེན་དང་ དེ་གི་ཤུལ་ལས་ བི་ཨའི་ཇི་བེཊ་ནམ་(BIG Vietnam)གྱི་ དངུལ་རྩིས་གཙོ་འཛིན་འགོ་དཔོན་འབད་ ལཱ་འབད་ནུག

ཁོ་གིས་ འགོ་ཁྲིད་ཀྱི་གོ་གནས་དེ་ཚུ་འབག་པའི་སྐབས་ལུ་ དངུལ་འབྲེལ་དང་མཁོ་སྒྲུབ་འབད་ནིའི་ནང་ལུ་ ཡོན་ཏན་དང་ཉམས་མྱོང་ལེགས་ཤོམ་སྦེ་ར་འཐོབ་ཡོདཔ་ལས་ བེཊ་ནམ་(Vietnam)དང་ ཀེམ་བོ་དྲི་ཡ་(Cambodia) དེ་ལས་ སི་རི་ལང་ཀ་(Sri Lanka)རྒྱལ་ཁབ་ཚུ་ནང་ ཚོང་འབྲེལ་གྱི་ཁེབ་སང་ཡར་སྐྱེད་འབད་ནི་ནང་ལུ་ ཁྱད་པར་སྦོམ་སྦེ་ར་བཟོ་སྟེ་འདུག

རྒྱ་གར་ལུ་མ་འགྱོ་བའི་ཧེ་མ་ ཁོ་གིས་ སིང་ག་པོར་(Singapore)ལུ་ ཐབས་བྱུས་དང་ཚོང་ལས་འཆར་གཞི་གི་སྡེ་ཚན་གྱི་ མདོ་ཆེན་སྦེ་ལཱ་འབད་བའི་སྐབས་ དེ་ནང་གི་ འགོ་ཁྲིད་སྡེ་ཚན་ནང་གི་ འཐུས་མི་ཡོད་ན་མེད་ན་གཅིག་འབད་སྡོད་ནུག ཚོང་ལས་འཆར་གཞི་རིམ་ལུགས་ནང་ལུ་ མི་ངོམ་ཁག་ཆེ་ཤོས་གཅིག་འབདཝ་ལས་ ཁོ་འདི་ ཚོང་ལས་ཀྱི་ཡར་སྐྱེད་དང་གྲུབ་འབྲས་ཡར་སེང་འབད་ནིའི་ནང་ཡང་ ཡོད་ན་མེད་ན་གཅིག་ཨིན་མས།

རིམ་ལུགས་འདི་ནང་མ་འཛུལ་བའི་ཧེ་མ་ པད་མལ་(Padmal)འདི་ མགྲོན་སྐྱོང་འཛིན་སྐྱོང་བཟོ་གྲྭ་དང་དངུལ་འབྲེལ་ཞབས་ཏོག་དང་ཡང་ མཉམ་འབྲེལ་འབད་དེ་ཡོདཔ་ཨིན་མས།

ཁོ་གིས་ སི་རི་ལང་ཀ་(Sri Lanka)རྒྱལ་ཁབ་ཀྱི་ སི་རི་ཇ་ཡི་ཝར་དི་ནི་པུ་ར་(Sri Jayewardenepura)མཐོ་རིམ་སློབ་གྲྭ་ནང་ལས་ འཛིན་སྐྱོང་གི་མཐོ་རིམ་གཙུག་ལག་འོག་མའི་ཤེས་ཡོན་སྦྱང་ཡོདཔ་དང་ ཚོང་འབྲེལ་གྱི་ཁྲིམས་འབྲེལ་སྤེལ་ཁང་ནང་ལས་ ཚོང་འབྲེལ་གྱི་མཐོ་རིམ་གཙུག་ལག་འོག་མའི་ཤེས་ཡོན་སྦྱང་སྟེ་འདུག ཁོ་འདི་ ཡུ་ཀེ་(UK)གི་ ཁྲིམས་འབྲེལ་འཛིན་སྐྱོང་སྤེལ་ཁང་གི་འཐུས་མི་གཅིག་དང་ ཆོག་ཐམ་འཆང་མི་བཀའ་ཁྲིམས་འཛིན་སྐྱོང་གི་འཐུས་མི་གཅིག་ཡང་ཨིན་མས།

པད་མལ་(Padmal)ལུ་ ཁོ་ར་གིས་ཧིང་ལས་དགའ་མི་ ཨ་ལོ་བུ་གཅིག་ཡང་འདུག ཁོ་གིས་ རྩེད་རིགས་ནང་ལུ་སྤྲོ་བ་དང་འདོད་ཡོདཔ་མ་ཚད་ རྐང་རྩེད་དང་ གཡུག་རིལ་ དེ་ལས་ རྐང་རིལ་ལག་རིལ་རྩེད་ནི་ཡང་ དགའ་ཤོས་གཅིག་ཨིན་མས། ཁོ་གིས་ སྙན་ཆ་དང་ ལམ་འགྲུལ་འབད་ནི་ལུ་ཡང་ དགའཝ་ཨིན་མས།