གེ་རིཤ་མ་སིང་། (Greishma Singh)
སྲིད་འཛིན་འོགམ།-ཚོང་མགྲོན་པ་དང་ཚོང་བསྒྲགས་ཀྱི་འགོ་ཁྲིད། ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་དང་ ལྷོ་ནུབ་ཨེ་ཤི་ཡ།(Asia)
གེ་རིཤ་མ་སིང་(Greishma Singh)འདི་ སྲིད་འཛིན་འོགམ་ཨིན།-ཚོང་མགྲོན་པ་དང་ཚོང་བསྒྲགས་ཀྱི་འགོ་ཁྲིད། ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་དང་ ལྷོ་ནུབ་ཨེ་ཤི་ཡ།(Asia) མོ་གི་ད་ལྟོའི་ལཱ་འགན་འདི་ནང་ གེ་རིཤ་མ་(Greishma) གིས་ འོང་འབབ་ཡར་རྒྱས་འཛིན་སྐྱོང་དང་ ཚོང་ལམ་གྱི་ཕན་ཁུངས་ དེ་ལས་ ཚོང་མགྲོན་ཕན་ཁུངས་གསར་བཏོད་མ་ཚད་ ལག་ལེན་ལས་ཚན་གྱི་ཚོང་མགྲོན་དྲག་ཤོས་༥༠ དང་ རྒྱ་གར་གྱི་འོང་འབབ་བརྒྱ་ཆ་༡༠ གྱི་འགན་ཁག་ཕོག་མི་ ད་རེས་ཁམས་ཅིག་ཁར་ གསར་བཟོ་འབད་ཡོད་པའི་ ཚོང་མགྲོན་འཛིན་སྐྱོང་སྡེ་ཚན་ཚུ་གི་ སྙིང་སྟོབས་ཅན་གྱི་སྡེ་ཚན་གཅིག་འགོ་ཁྲིད་འབདཝ་ཨིན།
གེ་རིཤ་མ་(Greishma)གིས་ ཀོ་ཀ་ཀོ་ལ་རིམ་ལུགས་(Coca‑Cola system)ནང་ལུ་ རྒྱ་གར་དང་ ཨཱསི་ཀྲེ་ལི་ཡ་(Australia) ལས་ཕར་ ལོ་ངོ་༡༡ ལས་ལྷག་སྟེ་ ལཱ་འབད་དེ་ཡོད། ད་རིས་ཀྱི་ལས་སྣ་གསརཔ་འདི་ནང་ མ་འོང་པའི་ཧེ་མ་ མོ་གིས་ མངོན་གསལ་ཆེ་བའི་ཚོང་འབྲེལ་དང་ ཐབས་བྱུས་ལེ་ཤ་ཅིག་ནང་ར་ འགན་ཁུར་འབག་སྟེ་ཡོད། མོ་གི་འདས་པའི་འགན་ཁག་འདི་ནང་ མོ་གིས་ ལྷོ་ཞི་འཇམ་ཚོང་ལཱ་ལས་ཚན་གྱི་ཐབས་བྱུས་དང་ མངོན་གསལ་འགོ་ཁྲིད་འབད་བའི་ཁར་ ཨཱསི་ཀྲེ་ལི་ཡ་(Australia)གྱི་ ཡུན་རྟེན་ཡར་རྒྱས་ཐབས་བྱུས་ནང་ལུ་ཡང་ འགོ་ཁྲིད་འབད་དེ་ཡོད།
ཀོ་ཀ་ཀོ་ལ་(Coca‑Cola)ནང་མ་འཛུལ་བའི་ཧེ་མ་ གེ་རིཤ་མ་(Greishma)གིས་ ཚོང་ལཱ་ཆུང་བ་གཅིག་འགོ་བཙུགས་ནུག-མོ་རའི་བཟའ་ཚང་དང་ཅིག་ཁར་ རྒྱ་གར་ལུ་ ཟ་ཁང་གི་ཚོང་ལཱ་ཅིག་འབད་དེ་སྡོད་ནུག ཚོང་ལཱ་ཆུང་བ་འདི་ལས་བརྟེན་ཏེ་ ཚོང་ལཱ་སྦོམ་འབད་ནི་དང་ ཕན་ནུས་ཅན་གྱི་སྡེ་ཚན་གཅིག་གི་དོན་ལུ་ སེམས་ཤུགས་འཐོབ་ནུག
གེ་རིཤ་མ་(Greishma)འདི་ རྒྱ་གར་ལུ་སྐྱེ་སྐྱེཝ་ཨིནམ་དང་ མོ་གིས་ ནེ་པལ་(Nepal)དང་ ཡུ་ཨེསི་ཨེ་(USA) དེ་ལས་ ཨཱསི་ཀྲེ་ལི་ཡ་(Australia) ལས་ཕར་སྡོད་ཡོདཔ་ཨིན་མས། མོ་ལུ་ ཀོ་ལོ་ར་དྲོ་མཐོ་རིམ་སློབ་གྲྭ་(Colorado College)ནང་ལས་ ཨིང་སྐད་(English)ཀྱི་རྩོམ་རིག་ནང་ གཙུག་ལག་གཞི་རིམ་གྱི་ཤེས་ཚད་དང་ ཧའི་དར་བཏ་(Hyderabad) ལུ་ཡོད་པའི་ རྒྱ་གར་ཚོང་ལས་སློབ་གྲྭ་ནང་ལས་ ཨེམ་བི་ཨེ་(MBA)གི་ཤེས་ཚད་ཚུ་ཡོདཔ་ཨིན།
དེ་མེན་པའི་གཞན་ཡང་- གེ་རིཤ་མ་(Greishma)འདི་ ཨ་ལོ་བུ་གཉིས་ཀྱི་ཨའི་གཅིག་ཡང་ཨིན་མས། - ཨ་ཡན་དང་ ཨ་བི།(Ayaan & Avi) དེ་མ་ཚད་ མོ་གིས་ ཟ་ནི་དང་ བཞེས་སྒོ་འབད་ནི་ དེ་ལས་ མོ་རའི་རྨགཔ་དང་ཅིག་ཁར་འབྲེལ་བ་འཐབ་ནི་ལ་སོགས་པ་ཚུ་ལུ་ སྤྲོ་བ་བསྐྱེདཔ་ཨིན་མས།