ཨིན་རིཀ་ཨེཀ་མར་མན། (Enrique Ackermann)
སྲིད་འཛིན་འོགམ – འཕྲུལ་རིག་གསར་བཏོད་དང་བཀྲམ་སྤེལ། ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་དང་ལྷོ་ནུབ་ཨེ་ཤི་ཡ།(Asia)
ད་ལྟོའི་འགན་ཁུར་ནང་ལུ་ ཨིན་རིཀ་(Enrique)གིས་ ཚོང་སྡེ་འདི་གི་ངོ་རྟགས་བཟུང་ཚུགས་མི་ སྡེ་ཚན་གཅིག་འགོ་ཁྲིད་འབད་དེ་ མ་འོངས་ཡུན་བརྟན་བཟོ་ཐབས་ལུ་ ཨིན་དྲི་ཡ་ སི་རི་ལང་ཀ་ བང་ལ་དེཤ་ ནེ་པལ་ འབྲུག་དང་ མལ་དེབསི་(India,Sri- Lanka,Bangladesh, Nepal,Bhutan,and Maldives’)ཚུ་གི་ཚོང་ལཱའི་གཙོ་བོ་བསྟོནམ་ཨིན། དེ་གི་སྐབས་ལུ་ ཁོ་གིས་ འཕྲུལ་རིག་ བཀྲམ་སྤེལ་ གསར་བཏོད་ ལེགས་སྐྱོང་དང་ འཛམ་གླིང་ཡུན་བརྟན་གཙོ་ཅན་སོགས་ལུ་ གཙོ་བོ་བཟུངམ་ཨིན་མས།
ཨིན་རིཀ་(Enrique)ལུ་ ལོ་ངོ་༣༠ ལས་ལྷག་སྟེ་ ས་གནས་ལེ་ཤ་ ལེ་ཀྲིན་ཨ་མི་རི་ཀ་(Latin America) ཨེ་པི་ཨེ་སི་(APAC) དང་ ཤར་དབུས་ཕྱོགས་ཀྱི་རྒྱལ་ཁབ་ཚུ་ནང་ དངུལ་རྩིས་ སྤྱིར་བཏང་འཛིན་སྐྱོང་ བཅའ་སྒྲིག་ བཀྲམ་སྤེལ་ བཟོ་སྐྲུན་དང་སྤུས་ཚད་བློ་གཏད་ལ་སོགས་པའི་ནང་ལུ་ ལཱ་གི་ཉམས་མྱོང་འཐོབ་སྟེ་འདུག
ཁོ་གིས་ ལོ་ངོ་༡༤ གི་ཧེ་མ་ ཀོ་ཀ་ཀོ་ལ་(Coca‑Cola)རིམ་ལུགས་ནང་ལུ་ འཛུལ་བཞུགས་འབད་དེ་ ཨ་མི་རི་ཀ་ལྟེ་བ་(Central America)དང་ ཀེ་རི་བེན་(Caribbean) དེ་ལས་ ལྷོ་ཨ་མི་རི་ཀ་(South America)ཚུ་ནང་ བཅའ་སྒྲིག་ བཀྲམ་སྤེལ་ བཟོ་སྐྲུན་དང་ ལེགས་སྐྱོང་ལ་སོགས་པའི་འགན་ཁུར་འབག་སྟེ་སྡོད་ཡོད། ཨིན་རིཀ་(Enrique)གིས་ ཧེ་མ་ བྲཡེཊ་ཨིས་ཊར་ཀོརཔ་རྒྱལ་སྤྱི་(Brightstarcorp International)དང་ ཨེམ་སི་དྲོ་ནལ་སི་བོ་ལི་བི་ཡ་(McDonald’s Bolivia) དེ་ལས་ ཇ་ན་རལ་མོ་ཀྲོརསི་བོ་ལི་བི་ཡ་(General Motors Bolivia)གི་ཚོང་སྡེ་ཚུ་ནང་ ལཱ་འབད་དེ་སྡོད་ནུག ཁོ་འདི་ ལས་སྣ་གསརཔོ་འགོ་བཙུགས་ནི་དང་ ཡུན་བརྟན་བཀྲམ་སྤེལ་བརྟན་འཁེལ་བཟོ་མིའི་གཙོ་ཅན་གཅིག་ཨིན་མས།
ཚོང་སྡེ་འདི་ མི་གིས་བཟོ་སྟེ་ཡོདཔ་ལས་ ཁོ་གིས་ ག་ཅི་ར་འབད་རུང་ དྲང་བདེན་གྱི་ཐོག་ལས་འབྲེལ་བ་འཐབ་ནི་དང་ གཅིག་གིས་གཅིག་ལུ་བློ་གཏད་འབད་ནི་ཚུ་ མཐུན་ལམ་གྱི་གཞི་བྱམ་གཅིག་ཨིན་ཟེར་མནོཝ་ཨིན་མས། - སྡེ་ཚན་ནང་དོག་དང་ ཚོང་སྡེ་གི་བར་ན་ དེ་ལས་ ཚོང་མགྲོན་པ་དང་སྤྱོད་མི་ཚུ་དང་མཉམ།
ཨིན་རིཀ་(Enrique)འདི་ ཨསི་ཀྲིན་ ཏེཀ་སས་ ཡུ་ཨེས་ཨེ་(Austin,Texas,USA)ལུ་ སྐྱེ་ཡོདཔ་དང་ ཨིས་པེ་ནིཤི་(Spanish)གི་ཁ་སྐད་སླབ་མི་ བོ་ལི་བིཡ་(Bolivia)ལུ་ སྦོམ་འགྱོ་ཡོདཔ་ཨིན་མས། ཁོ་ལུ་ ཨསི་ཀྲིན་(Austin)ལུ་ཡོད་པའི་ཏེཀ་སས་(Texas)མཐོ་རིམ་སློབ་གྲྭ་ནང་ལས་ དཔལ་འབྱོར་ནང་ལུ་གཙུག་ལག་གཞི་རིམ་ཤེས་ཡོན་སྦྱང་ཡོདཔ་དང་ ཧ་ཝཊ་(Harvard)རྒྱལ་སྤྱི་ཡར་རྒྱས་སྤེལ་ཁང་ནང་ལས་ ཨེམ་བི་ཨེ་(MBA)གི་བཀྲམ་སྤེལ་གྱི་གཙུག་ལག་གཞི་མཆོག་སྦྱང་ནུག དེ་མ་ཚད་ ལག་ཁྱེར་ཡང་ ལེ་ཤ་ཅིག་ར་ཐོབ་སྟེ་འདུག
ཨིན་རིཀ་(Enrique)འདི་ གཉེན་རྐྱབ་རྐྱབ་ཅིག་ཨིནམ་དང་ ཁོ་དང་ཁོ་གི་ཨམ་སྲུ་ལུ་ ཨ་ལོ་༣ ཡོདཔ་ཨིན་མས།