ཧརཤི་བུ་ཊ་ནི། (Harsh Bhutani)

དངུལ་རྩིས་འགོ་དཔོན་གཙོ་འཛིན། ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་དང་ ལྷོ་ནུབ་ཨེ་ཤི་ཡ།(Asia)

ཧརཤི་བུ་ཊ་ནི་(Harsh Bhutani)འདི་ ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་དང་ ལྷོ་ནུབ་ཨེ་ཤི་ཡ་(Asia)གི་ དངུལ་རྩིས་འགོ་དཔོན་གཙོ་འཛིན་ཨིན། ལོ་ངོ་༢༤ ལྷག་པའི་ལཱ་གི་ཉམས་མྱོང་དང་ ཁྱད་རིག་ནང་ལུ་ཉམས་མྱོང་ཅན་ཅིག་ཨིན་མི་ ཧརཤི་(Harsh)འདི་གིས་ དངུལ་འབྲེལ་གྱི་ནང་ལུ་ ཚོང་ལས་ཀྱི་ཐབས་བྱུས་དང་འཆར་གཞི་ ལག་ལེན་དང་ བྱ་སྒོའི་འཛིན་སྐྱོང་ མཛོད་ཁང་དང་ ཁྲལ་གྱི་ལམ་ལུགས་ དེ་ལས་ ཉེན་ཁ་འཛིན་སྐྱོང་འབད་ནི་ལ་སོགས་པའི་གནད་དོན་སྣ་མང་ནང་ལུ་ ཉམས་མྱོང་ཡོད་མི་གཅིག་ཨིན།

ལཱ་འགན་འདི་མ་འབག་པའི་ཧེ་མ་ ཧརཤི་(Harsh)གིས་ ལོ་ངོ་༣ དེམ་ཅིག་གི་རིང་ལུ་ མ་རྩ་གཞི་བཙུགས་སྡེ་ཚན་-རྒྱ་གར་ནང་ལུ་ དངུལ་རྩིས་དང་ཚོང་ལཱ་ཞབས་ཏོག་གི་བཀོད་ཁྱབ་མདོ་ཆེན་དང་ དངུལ་རྩིས་འགོ་དཔོན་གོངམ་གི་འགན་ཁུར་འབག་སྟེ་འདུག ཧརཤི་(Harsh)འདི་ རྒྱ་གར་གྱི་མ་རྩ་གཞི་བཙུགས་སྡེ་ཚན་ནང་ལུ་ དངུལ་རྩིས་དང་འབྲེལ་བའི་ལས་རིམ་ཚུ་ནང་ ལོ་ངོ་བཅུ་ཕྲག་གཉིས་ལས་ལྷག་སྟེ་ གལ་ཆེ་ཤོས་ཅིག་སྦེ་སྡོད་ནུག དེ་མ་ཚད་ ཛོ་ནལ་(Zonal)དང་ དངུལ་རྩིས་ལས་རིམ་ལས་འཛིན་ནང་ལུ་ཡང་ ལཱ་འབད་ནིའི་གོ་སྐབས་འཐོབ་སྟེ་འདུག ཁོ་གིས་ཀོ་ཀ་ཀོ་ལ་རིམ་ལུགས་(Coca-cola system)ནང་ལུ་ ཨེ་བི་བི་(ABB)ཚད་འཛིན་ལས་ སྤྱི་ལོ་༡༩༩༩ ལུ་ འཛུལ་བཞུགས་འབད་ནུག

ཧརཤི་(Harsh)འདི་ དེ་ལི་(Delhi)གཙུག་ལག་སློབ་སྡེ་ནང་ལས་ ཚོང་རིག་གཙུག་ལག་ཤེས་ཚད་དང་ ཁྲིམས་འབྲེལ་རྩིས་དྲུང་གི་གཙུག་སྡེ་(༡༩༩༦ གི་སྡེ་ཚན) ནང་ལས་ ཁྲིམས་ཀྱི་རྩིས་དྲུང་གི་ཤེས་ཚད་ཡོད་མི་གཅིག་ཨིན་མས།

ཁོ་གིས་ དུས་ཚོད་འཐེབ་རེ་འཐོབ་པའི་སྐབས་ ཧརཤི་(Harsh)འདི་ ཁོ་རའི་བཟའ་ཚང་དང་ཅིག་ཁར་ སྡོད་སར་མཐོངམ་མས། ཁོ་གིས་ རྐང་འཁོར་གཏང་ནི་དང་ ལྡུམ་རའི་ལཱ་འབད་ནི་ དེ་མ་ཚད་ ལམ་ཐག་རིངམ་འབད་ སྣུམ་འཁོར་གཏང་ནིའི་ནང་ལུ་ སྤྲོ་བ་བསྐྱེདཔ་ཨིན་མས།