དེ་བི་ཡ་ནི་རཱ་ཇ་ལསི་མི་རཱ་ན།(Devyani Rajya Laxmi Rana)
སྲིད་འཛིན་འོགམ། – མི་མང་མཐུན་འབྲེལ། བརྒྱུད་འབྲེལ་དང་ཡུན་བརྟན་ ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་དང་ལྷོ་ནུབ་ཨེ་ཤི་ཡ།(Asia) སྲིད་འཛིན་འོགམ – མི་མང་མཐུན་འབྲེལ། བརྒྱུད་འབྲེལ་དང་ཡུན་བརྟན་ ཀོ་ཀ་ཀོ་ལ་(Coca‑Cola) རྒྱ་གར་དང་ལྷོ་ནུབ་ཨེ་ཤི་ཡ།(Asia)
དེ་བི་ཡ་ནི་རཱ་ཇ་ལསི་མི་རཱ་ན་(Devyani Rajya Laxmi Rana)འདི་ སྲིད་འཛིན་འོགམ་ཨིན། མི་མང་མཐུན་འབྲེལ། རྒྱ་གར་དང་ལྷོ་ནུབ་ཨེ་ཤི་ཡ་(Asia)གི་ བརྒྱུད་འབྲེལ་དང་ཡུན་བརྟན། དེ་བི་ཡ་ནི་(Devyani)ལུ་ གཞུང་དང་ ལས་འཛིན་མཐུན་འབྲེལ་ ཐབས་བྱུས་ཅན་གྱི་ཚོང་ལཱའི་བརྡ་སྤྲོད་ ཉེན་ཁ་འཛིན་སྐྱོང་ ཁྱད་འཕགས་ཀྱི་བརྒྱུད་འབྲེལ་ མི་སྡེའི་འགན་ཁུར་དང་ཡུན་བརྟན་ནང་ལུ་ ལོ་ངོ་༢༥ ལས་ལྷག་པའི་ལཱ་གི་ཉམས་མྱོང་ཡོད། མོ་གི་དམིགས་གཏད་གཙོ་ཅན་ཚུ་ཡང་ སྲིད་བྱུས་བརྡ་སྤྲོད། ཁྲིམས་བཟོ། ཚོང་འབྲེལ་གན་ཡིག་དང་ དམ་འཛིན། ལས་འཛིན་མཐུན་ལམ་དང་ རྒྱ་གར་དང་ ཨེ་ཤི་ཡའི་(Asian)གླིང་ཕྲན་ནང་ལུ་ གཞི་རྩའི་གསར་བཏོད་ལ་སོགས་པ་ཚུ་ཨིན་མས།
མོ་གིས་ སྤྱི་ལོོ་༢༠༡༤ ལུ་ ཀེ་ཀྲར་པི་ལར་ཨའི་ཨེན་སི་(Caterpillar Inc.) ནང་ལུ་ འཛུལཝ་མ་ཚད་ རྒྱ་གར་དང་ ཨེ་ཤི་ཡའི་(Asian)གླིང་ཕྲན་གྱི་གཞུང་དང་ལས་འཛིན་མཐུན་འབྲེལ་གྱི་མདོ་ཆེན་ཡང་འབད་ནུག མོ་གིས་ ཀེ་ཀྲར་པི་ལར་(Caterpillar)ནང་ལུ་ སྡོད་པའི་སྐབས་ གཞུང་ཚབ་དང་ སྲིད་བྱུས་དང་ཁྲིམས་བཟོ་འབྲེལ་བའི་གནད་དོན་ཚུ་ བརྡ་སྤྲོད་འབད་དེ་ ཚོང་ལཱ་གི་ཉེན་ཁ་མར་ཕབ་འབད་ཡི། དེ་མ་ཚད་ ཚོང་སྡེ་གི་རྩིས་དང་ ལས་འཛིན་གྱི་མིང་གཏམ་ཚུ་ལེགས་ཤོམ་སྦེ་བཞག་ཐབས་ལུ་ དམིགས་པ་བསྐྱེད་ཡི། མོ་གིས་ ཕན་ཐོགས་ཅན་གྱི་ཐབས་བྱུས་བཟོཝ་མ་ཚད་ ལུང་ཕྱོགས་ནང་ལུ་ མཁོ་ཆས་ཀྱི་ཐུན་རྐྱེན་ཚུ་ ཡུན་བརྟན་དང་ ཚོང་འབྲེལ་འཐབ་ནི་ལུ་གཙོ་བོ་བཟུང་ནུག དེ་གིས་ ཚོང་ལཱ་གི་འོང་འབབ་བཟོ་ཚུགས་ཏེ་ཡོདཔ་མ་ཚད་ ནང་འཁོད་དང་ཕྱིར་བཙོང་གི་དོན་ལུ་ཡང་ བཟོ་སྐྲུན་འབད་ནི་རྒྱ་བསྐྱེད་འབད་ཡི།
དེ་བི་ཡ་ནི་(Devyani)འདི་ ལས་འཛིན་ཐབས་བྱུས་དང་ ཚོང་ལཱ་ཡར་འཕེལ་སྡེ་ཚན་ནང་ལུ་ ཁག་ཆེ་བའི་མི་ངོམ་གཅིག་ཨིན་མས། མོ་གིས་ རྒྱལ་སྤྱིའི་ཚོང་འབྲེལ་སྲིད་བྱུས་དང་ ཁྲིམས་བཟོ་ དེ་ལས་ ཁྲལ་ ཚོང་སྤྱོད་ ཕྱིར་བཙོང་བཀག་དམ་ གནང་བ་དང་ ཁྲིམས་མཐུན་བཟོ་ནིའི་གནད་དོན་དང་འབྲེལ་བའི་ཐོག་ ལས་ཚོགས་ཀྱི་བརྡ་སྤྲོད་འགོ་ཁྲིད་འབད་ཡི།
མོ་གིས་ ནང་འཁོད་དང་ ཕྱིར་འབྲེལ་ དེ་ལས་ ངོ་རྟགས་བརྒྱུད་འབྲེལ་གྱི་གསར་བཏོད་འབད་ཡི། དེ་གིས་ ཚོང་ལཱ་གི་གྲུབ་འབྲས་ལེགས་ཤོམ་འཐོན་པའི་ཁར་ ལས་ཁུངས་ལུ་ཡང་ ཕན་སྦོམ་འབད་ར་ཐོགས་ཅི། མོ་གིས་ འཆར་གཞི་བཟོ་སྟེ་ གདོང་ལེན་ཅན་གྱི་དམིགས་པ་བསྐྱེད་པའི་ཁར་ གྲུབ་འབྲས་ལེགས་ཤོམ་འཐོན་ནི་ལུ་ གཙོ་བོ་བཟུང་སྟེ་ དྲང་བདེན་ཐོག་ལས་ འགྱུར་བ་འབག་འོངམ་ཨིན།
དེ་བི་ཡ་ན་(Devyani)གིས་ ལས་གཡོགཔ་གྲ་སྒྲིག་ཡར་དྲག་དང་ ཨིས་ཀྲེམ་(STEM)ཤེས་ཡོན་ལུ་གམིགས་གཏད་ རང་བཞིན་གྱི་མཁོ་ཆས་བསྐྱར་གསོ་འབད་ནི་ དེ་ལས་ རྒྱ་གར་དང་ ཨེ་ཤི་ཡའི་(Asian)གླིང་ཕྲན་ཚུ་ལུ་ ཞབས་ཏོག་བྱིན་ནིའི་དོན་ལུ་ སི་ཨེས་ཨཱར་(CSR)དཔེ་སྣོད་བཟོ་ཡོད། མོ་གིས་ སི་ཨེས་ཨཱར་(CSR)གྱི་འགན་ཁུར་ཡར་རྒྱས་གཏང་ནི་དང་ ལས་རིམ་མ་འདྲཝ་བཟོ་ནི་ དེ་ལས་ ལོ་རེ་བཞིན་ མཉམ་རུབ་ཚོང་ལཱ་གི་དཔེ་སྣོད་བཟོ་སྟེ་ ཐབས་ཤེས་ཅན་གྱི་དམིགས་པ་དང་ ལས་དོན་ཚུ་ བཟོཝ་ཨིན། མོ་གིས་ ལྷན་ཁག་ལེ་ཤ་དང་ ལཱ་སྡེ་ལེ་ཤ་གི་མི་ངོམ་ཚུ་དང་མཉམ་ཅིག་ མཉམ་རུབ་འབད་དེ་ ཡུན་བརྟན་གྱི་ལས་རིམ་ཚུ་ བརྩམ་ནིའི་ནང་ལུ་ གྲལ་གཏོགས་འབདཝ་ཨིན།
དེ་བི་ཡ་ནི་(Devyani)གིས་ ལས་ཁུངས་འདི་གི་དམིགས་ཡུལ་དང་གཙོ་རིམ་ཚུ་ ཚོང་སྡེའི་ཚོགས་པ་གཞན་ ཨེ་ཨེས་ཨེས་ཨོ་སི་ཨེཅ་ཨེ་ཨེམ། ཨེཕ་ཨའི་སི་སི་ཨའི། ཨེ་ཨེམ་སི་ཨེཅ་ཨེ་ཨེམ། ཡུ་ཨེས་ཨའི་ཨེས་པི་ཨེཕ་དང་ ཨའི་སི་ཨི་ཨེམ་ཨེ་(ASSOCHAM, FICCI, AMCHAM, USISPF & ICEMA, etc ) ལ་སོགས་པ་ཚུ་ལུ་ ངོ་ཚབ་འབད་ཡི། མོ་གིས་ རྒྱ་གར་ལུ་ཡོད་པའི་ བཟོ་སྐྲུན་དང་ས་གཏེར་གྱི་བཟོ་གྲྭའི་གོ་བརྡ་ མཐར་འཁྱོལཔ་སྦེ་འབད་ཡི། ཀེ་ཀྲར་པི་ལར་ཨའི་ཨེན་སི་ (Caterpillar Inc.)ནང་ལུ་ མ་འཛུལ་བའི་ཧེ་མ་ དེ་བི་ཡ་ནི་(Devyani)གིས་ འཛམ་གླིང་སྤྱི་ཚོགས་ འཛམ་གླིང་དཔལ་འབྱོར་གྲོས་གནས་ ཁེ་མེད་པའི་ལས་སྡེ་དང་ སྒེར་སྡེ་ཚུ་ནང་ ལཱ་འབད་ནུག
ནེ་པལ་(Nepal)ལས་ཨིན་མི་ དེ་བི་ཡ་ནི་(Devyani)ལུ་ ལོན་དྲོན་དཔལ་འབྱོར་དང་སྲིད་བྱུས་ཚན་རིག་སློབ་གྲྭ་(London School of Economics and Political Science)ནང་ལས་ ཚན་རིག་གི་གཙུག་ལག་མཐོ་རིམ་ཤེས་ཡོན་སྦྱང་ཡོདཔ་ཨིན།; ནེ་པལ་(Nepal)ལུ་ཡོད་པའི་ ཀྲི་བུ་བན་(Tribhuvan)གཙུག་ལག་སློབ་སྡེ་ནང་ལས་ སྒྱུ་རྩལ་གྱི་ནང་ལུ་ གཙུག་ལག་མཐོ་རིམ་ཤེས་ཡོན་སྦྱང་ཡོདཔ།; རྒྱ་གར་ལུ་ཡོད་པའི་ ལེ་དྲི་ཤིརི་རམ་(Lady Shri Ram)མཐོ་རིམ་སློབ་གྲྭ་ དེལ་ལི་(Delhi)གཙུག་ལག་སློབ་སྡེ་ནང་ལས་ སྒྱུ་རྩལ་གྱི་གཙུག་ལག་གཞི་མཆོག་ཤེས་ཡོན་སྦྱང་ཡོདཔ།
མོ་ལུ་ བུ་ཨ་དི་དེབ་(Adidev)ཟེར་མི་གཅིག་ཡོདཔ་དང་ མོ་ ནིའུ་དེལ་ལི་(New Delhi)ལུ་སྡོདཔ་ཨིན། མོ་གིས་ མོ་རའི་བཟའ་ཚང་དང་གཅིག་ཁར་སྡོད་ནི་དང་ ཀི་དེབ་ལྷག་ནི་ བཞེས་སྒོ་འབད་ནི་དང་ ལམ་འགྲུལ་འབད་ནི་ཚུ་ལུ་ སྤྲོ་བ་ཡོདཔ་ཨིན།