ཀོ་ཀ་ཀོ་ལ་(Coca‑Cola)གཞི་ཚོགས་ཀྱིས་ ཀི་ལིན་བུ་ཊན་(Clean Bhutan)གི་ ཐིམ་ཕུག་ལུ་ སླར་བཟོ་ལས་འགུལ་ལུ་ མ་དངུལ་རྒྱབ་སྐྱོར་འབད་ནི།

24/01/2023

འབྲུག་གི་དཔལ་འབྱོར་ཡར་འཕེལ་གྱི་དོན་ལུ་ ཀོ་ཀ་ཀོ་ལ་(Coca‑Cola)གཞི་ཚོགས་ཀྱིས་ ཀི་ལིན་བུ་ཊན་(Clean Bhutan)ལུ་ མ་དངུལ་རྒྱབ་སྐྱོར་འབད་ནུག འདི་ཡང་ ཆུ་ཤོག་སླར་བཟོའི་ལས་འགུལ་ འབྲུག་ལག་བཟོ་ཟེར་མིའི་དོན་ལུ་ ཨིན་མས། ལས་འགུལ་འདི་གིས་ ཕྱགས་སྙིགས་སོ་སོར་ཕྱེ་ནི་ ཚུལ་མཐུནམ་སྦེ་བཀོ་ནི་དང་ ཕྱགས་སྙིགས་བསྡུ་ལེན་འབད་ནིའི་ཞབས་ཏོག་གི་སྐོར་ལས་ གོ་བརྡ་སྤྲོད་ནིའི་དམིགས་གཏད་སྐྱེདཔ་ཨིན། དེ་གིས་ཡང་མ་ཚད་ མི་ཚེ་སྐྱོང་ནིའི་དོན་ལུ་ ཕྱགས་སྙིགས་སླར་བཟོ་འབད་མི་འདི་ལས་བརྟེན་ཏེ་ ལཱ་གཡོག་གི་གོ་སྐབས་བཟོ་ཡོད་པའི་སྐོར་ལས་ཡང་ བཤདཔ་ཨིན།

ཐིམ་ཕུག་ཁྲོམ་དཔོན་ དྲག་ཤོས་ཨོ་རྒྱན་རྡོ་རྗེ་གིས་འབད་བ་ཅིན་ དཔལ་འབྱོར་ཡར་འཕེལ་བཟོ་མི་འདི་གིས་ མཉམ་འབྲེལ་གྱི་ཁེ་གྱོང་ཡོད་མི་སྒེར་སྡེ་དང་ གཞུང་མིན་ལས་ཚོགས་ དེ་ལས་ མི་སྡེ་ལས་སྡེ་རྣམས་པ་སྣ་ཚོགས་ལུ་ འབད་བརྩོན་ཅིག་ཨིན། ང་གིས་འབད་བ་ཅིན་ ཀོ་ཀ་ཀོ་ལ་(Coca‑Cola)གཞི་ཚོགས་དང་ ཀི་ལིན་བུ་ཊན་(Clean Bhutan)གཉིས་ཀྱིས་ མ་དངུལ་རྒྱབ་སྐྱོར་འབད་ཡོད་པའི་གསར་གཏོད་འདི་གིས་ མི་སྡེ་ནང་ལུ་ ཕྱགས་སྙིགས་འཛིན་སྐྱོང་འབད་ནིའི་ཡོན་ཏན་བྱིན་ཚུགས་ནི་མས་ ཟེར་མནོཝ་མས། ཕན་ནུས་ཆེ་དྲགས་ཀྱི་ཕྱགས་སྙིགས་འཛིན་སྐྱོང་འབད་ནི་འདི་ གལ་གནད་ཆེ་ཤོས་ཅིག་ཨིནམ་དང་ དེ་གིས་ རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་ཡར་རྒྱས་བཏང་ནི་དང་ དམིགས་གསལ་དུ་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་བཟོ་ཚུགས་ནི་མས་ཟེར་སླབ་ཡོདཔ་ཨིན།

ལས་འགུལ་འབྲུག་ལག་བཟོ་ ཐིམ་ཕུག་ གིས་ ཁྱིམ་གུང་གྲངས་ ༢,༥༠༠ ལས་ལྷགཔ་ལུ་ གོ་བ་བརྡ་སྤྲོད་འབད་ནི་དང་ ཟླ་ངོ་༡༢ ནང་འཁོད་ གྱིབ་ཤོག་ཕྱགས་སྙིགས་ཀེ་ཇི་(kg) ༢༥,༠༠༠ དེམ་ཅིག་ སླར་བཟོ་འབད་ནིའི་དམིགས་ཡུལ་བསྐྱེདཔ་ཨིན། ཨ་ནཱི་ལས་འགུལ་འདི་གིས་ ཨམ་སྲུ་དང་ ན་གཞོན་ཚུ་གི་དོན་ལུ་ དམིགས་གསལ་གྱིས་ ཕྱགས་སྙིགས་བསྡུ་ལེན་ལྟེ་བ་ནང་ལུ་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན།

ཀོ་ཀ་ཀོ་ལ་(Coca‑Cola)གཞི་ཚོགས་གི་སྲིད་འཛིན་ སཱ་དི་ཡ་ མཱད་སར་ཇེར་(Saadia Madsbjerg) གིས་སླབ་དོ་བཟུམ་འབད་བ་ཅིན་ རང་གི་ཚོང་རོགས་ཚུ་དང་ གཞུང་དང་ཞི་བའི་མི་སྡེ་ཚུ་དང་ཅིག་ཁར་ མཉམ་རུབ་ཐོག་ལས་ལཱ་འབད་བ་ཅིན་ ང་བཅས་ཀྱིས་ ཁྱད་དུ་འཕགས་པའི་ལམ་ལུགས་བཟོ་ནི་ནང་ སླར་བཟོའི་གཞི་རྟེན་མཁོ་ཆས་དང་ ཤེས་ཡོན་གྱི་ལས་རིམ་འཐོབ་ཆོག་ཆོ་བཟོ་ནི་ལུ་ ཆ་རོགས་འབདཝ་ཨིན། ལས་འགུལ་འདི་གིས་ འབྲུག་ལུ་ཡོད་པའི་སླར་བཟོའི་ལཱ་སྡེ་སྒྲིང་སྒྲིང་བཟོ་ནི་དང་ ཕྱགས་སྙིགས་དོ་སྣོད་འབད་ནིའི་ནང་ལུ་ གྲོགས་རམ་འབདཝ་ཨིན།

འབྲུག་ལུ་ མི་སྡེ་དཔལ་འབྱོར་ཡར་རྒྱས་མགྱོགས་དྲགས་སྦེ་ འགྱོ་བའི་བསྒང་ཡོདཔ་ལས་ ཕྱགས་སྙིགས་བདག་མེད་སྦེ་ བཀོ་བཞག་མི་འདི་ ཚ་གྱང་ལང་པའི་གཞི་གཅིག་ཨིན་མས། ལས་འགུལ་འདི་གིས་ འབྲུག་མི་ག་ར་ལུ་ སྤྱོད་ལམ་འགྱུར་བཅོས་དང་ ཕྱགས་སྙིགས་འཛིན་སྐྱོང་འབད་ནིའི་སྐོར་ལས་ དྲན་ཚོར་འབད་ནིའི་དམིགས་ཡུལ་བསྐྱེདཔ་ཨིན། ཕྱགས་སྙིགས་ལུ་ཡང་ བརྩི་མཐོང་སྐྱེད་དེ་ ཀོ་ཀ་ཀོ་ལ་(Coca‑Cola)གཞི་ཚོགས་ཀྱི་རྒྱབ་སྐྱོར་ཐོག་ ང་བཅས་རའི་ན་གཞོན་ཚུ་ལུ་ དབང་ཆ་བྱིན་ཏེ་ ཕྱགས་སྙིགས་འཛིན་སྐྱོང་འབད་དེ་ འོང་འབབ་བཟོ་ནིའི་གོ་སྐབས་བྱིནམ་ཨིན། དངོས་གྲུབ་ཚེ་རིང་། བཀོད་ཁྱབ་མདོ་ཆེན། ཀི་ལིན་བུ་ཊན་(Clean Bhutan)

ཀོ་ཀ་ཀོ་ལ་(Coca‑Cola)གཞི་ཚོགས་ཀྱི་སྐོར།

ཀོ་ཀ་ཀོ་ལ་(Coca‑Cola)གཞི་ཚོགས་འདི་ ཀོ་ཀ་ཀོ་ལ་(Coca‑Cola)ཚོང་སྡེ་གི་ གྲོགས་རམ་འབད་མི་གཙོ་བོ་གཅིག་ཨིན། སྤྱི་ལོ་ ༡༩༨༤ ལུ་གཞི་བཙུགས་ཞིནམ་ལས་ཚུར་ གཞི་ཚོགས་འདི་གིས་ འཛམ་གླིང་ནང་ལུ་ མི་སྡེ་ཡུན་བརྟན་གྱི་གསར་གཏོད་ དེ་ཡང་ མཐའ་འཁོར་བདག་འཛིན་འབད་ནི; ཨམ་སྲུ་ལུ་དབང་ཆ་བྱིན་ནི་དང; ཤེས་ཡོན་ཐོག་ལས་མི་སྡེ་ནང་བདེ་སྐྱིད་བཟོ་ནི་ དེ་ལས་ ན་གཞོན་ཡར་རྒྱས་གཏང་ནི་ སྒྱུ་རྩལ་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་ཚུ་ལུ་ མ་དངུལ་དྲོ་ལར་ ཐེར་འབུམ་ $༡.༤ བྱིན་ཡོདཔ་ཨིན།

ཀི་ལིན་བུ་ཊན་(Clean Bhutan)གྱི་སྐོར།

སྤྱི་ལོ་༢༠༡༤ ལུ་ གཞི་བཙུགས་འབད་ཡོད་མི་ ཀི་ལིན་བུ་ཊན་(Clean Bhutan)ཟེར་མི་འདི་ འབྲུག་ལུ་ཡོད་པའི་ འབྲུག་མི་སེམས་གཞི་འགན་ཁུར་ཅན་ཅིག་ལུ་འགྱུར་བཅུག་ནིའི་དོན་ལུ་ གཞུང་མིན་ལས་ཚོགས་གཅིག་ཨིན།

བརྡ་བརྒྱུད་ཀྱི་འབྲེལ་བ་འཐབ་ས:
ལཀ་ཤན་ མ་དུ་རི་སིང་གི(Lakshan Madureasinghe)
མི་མང་ལས་འབྲེལ་གྱི་ལུང་ཕྱོགས་འགོ་ཁྲིད། སི་རི་ལང་ཀ་ ནེ་པལ་ བུ་ཊན་དང་ མཱལ་དིབསི་(Sri Lanka, Nepal, Bhutan and Maldives)གི་ བརྒྱུད་འབྲེལ་དང་ཡུན་བརྟན།
+༩༤༧༧༧༣༤༤༠༨༥ |
lamadurasinghe@coca-cola.com